《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月27日

མཛེས་སྡུག་ཡིད་དུ་འོང་བའི་སྤུ་ཐོག་མཚོ།

སྤུ་ཐོག་མཚོ་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁོངས་སུ་གནས་པ་དང་། རྒྱ་ཁྱོན་མི་འདྲ་བའི་རི་མཐོའི་མཚོ་གཉིས་ལས་གྲུབ་ཡོད། སྔོ་ཞིང་དྭངས་བའི་ནམ་མཁའི་འོག་ཏུ་སྤྲིན་དཀར་ཚོམ་བུ་དལ་བུར་རྒྱུ་བ་དང་། མཚོ་མོ་སྔོ་ཐིང་ངེར་གནས་པའི་མཐའ་འཁོར་དུ་འབྲི་གཡག་རྣམས་བག་ཕེབས་ངང་རྩ་ཆུར་རོལ་བཞིན་ཡོད་པ་དེ་ནི་སྒྱུ་རྩལ་པའི་པིར་གྱིས་བྲིས་པའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་དང་འདྲ།

འདི་ནི་ཟླ་9ཚེས་19ཉིན་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ནས་པར་བླངས་པའི་སྤུ་ཐོག་མཚོ་ཡིན་པ།