《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月27日

ཡུལ་སྐོར་ལས་རིགས་སླར་གསོའི་ཁྲོད་གནའ་གྲོང་མ་ལིའུ་ཅར་འཚམས་འདྲི་བྱེད་པ།

⇐ མ་ལེ་ཞི་ཡའི་གནའ་གྲོང་མ་ལིའུ་ཅ་2008ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་བྱང་ནང་བཅུག་པ་རེད། དེའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ལ་བརྟེན་ནས་མ་ལིའུ་ཅས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོགས་སྟེ། ཡུལ་སྐོར་ལས་རིགས་དེ་ས་གནས་དེ་གའི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། མ་ལེ་ཞི་ཡ་སྲིད་གཞུང་གིས་ཟླ་6པ་ནས་བཟུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཕྱོགས་ཡོངས་ནས་ལྷུག་ཏུ་བཏང་བའི་ནང་དམངས་ཚོགས་རྒྱལ་ནང་དུ་ཡུལ་སྐོར་བྱེད་པར་འགྲོ་ཆོག་པ་ཚུད་པ་དེས་མ་ལིའུ་ཅའི་ཡུལ་སྐོར་ལས་རིགས་ལ་གོ་སྐབས་འཕྲད་པ་རེད།

འདི་ནི་མ་ལེ་ཞི་ཡའི་གྲོང་ཁྱེར་མ་ལིའུ་ཅར་ཡུལ་སྐོར་བ་གྲུར་བསྡད་དེ་མ་ལིའུ་ཅ་གཙང་པོར་ལྟ་སྐོར་བྱེད་བཞིན་པ།