《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月23日

རིམས་ནད་ཁྲོད་ཀྱི་ཡོ་རོབ་ཀྱི་ཤུལ་བཞག་ཉིན་མོར་ཧྥ་རན་སེའི་ ཙུང་ཐུང་ལས་ཤག་ཨའེ་ལི་ཧྲེ་ཕོ་བྲང་ལ་ལྟ་སྐོར་བྱེད་པ།

དུས་ཡུན་ཉིན་གཉིས་ཀྱི་ཡོ་རོབ་ཀྱི་ཤུལ་བཞག་ཉིན་མོ་ཚེས་19ཉིན་འགོ་ཚུགས་ཤིང་། ཏོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་མཆེད་པའི་དབང་གིས་ཧྥ་རན་སེའི་རིམས་ནད་ཚབས་ཆེན་ཁུལ་ཁག་གཅིག་གིས་ད་ལོའི་ཤུལ་བཞག་ཉིན་མོའི་བྱེད་སྒོ་སྤེལ་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་ཡོད། དུས་བཀག་ལྟར་སྤེལ་བའི་ཤུལ་བཞག་ཉིན་མོའི་བྱེད་སྒོར་ལྟ་སྐོར་བའི་མི་གྲངས་ལ་ཚད་བཀག་ནན་པོ་བྱས་ཁར། བྱེད་སྒོ་སྒྲིག་འཛུགས་མཁན་གྱིས་ལྟ་སྐོར་བར་དྲ་ཐོག་ནས་མངགས་དགོས་པ་དང་། ལྟ་སྐོར་བྱེད་པའི་བརྒྱུད་རིམ་ནང་ངེས་པར་དུ་ཁ་རས་རྒྱག་དགོས་པ། མི་ཕན་ཚུན་བར་ཐག་ངེས་ཅན་འཇོག་དགོས་པ་སོགས་ཀྱི་རེ་བ་བཏོན་ཡོད། ད་ལོ་ཧྥ་རན་སེའི་ཙུང་ཐུང་ལས་ཤག་ཨའེ་ལི་ཧྲེ་ཕོ་བྲང་དུ་ལྟ་སྐོར་བྱེད་མཁན་མི་གྲངས་ཉིན་ལྟར་2500བར་ཚད་བཀག་བཟོས་པ་དང་དེ་ནི་དུས་རྒྱུན་མི་གྲངས་ཀྱི་གསུམ་ཆ་གཅིག་རེད།

འདི་ནི་ཟླ་9ཚེས་19ཉིན་ཧྥ་རན་སེའི་ཙུང་ཐུང་ལས་ཤག་ཨའེ་ལི་ཧྲེ་ཕོ་བྲང་དུ་མི་ཚོས་སྐུ་སྲུང་བ་དང་མཉམ་དུ་པར་རྒྱག་པའི་གནས་ཚུལ་ཡིན་པ།