《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月23日

ཤིན་ཅང་ཧོར་གོ་སི་འགག་སྒོའི་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱས་པའི་ཀྲུང་ཡོ་དུས་གཏན་མེ་འཁོར་3000ལས་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་གློག་འཕྲིན་འབྱོར་གསལ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་རྐྱེན་རྒྱལ་སྤྱིའི་མཁའ་འགྲུལ་དང་མཚོ་འགྲུལ་ཉུང་དུ་བཏང་བས་སྐམ་ལམ་འགག་སྒོ་ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བར་བྱེད་པའི་སྐྱེལ་འདྲེན་བགྲོད་ལམ་གལ་ཆེན་དུ་གྱུར་ཡོད། ཤིན་ཅང་ཧོར་གོ་སིས་གོ་སྐབས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་འདི་ལོ་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་3000ལས་བརྒལ་ཡོད།

ཚེས་17ཉིན་གྱི་ཆུ་ཚོད་12ཙམ་ལ། ཁྲེང་ཏུའུ་ཡི“ཁྲེང་ཏུའུ་ནས་ཡོ་རོབ་བར”ཡི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ཧོར་གོ་སི་འགག་སྒོ་ནས་རྒྱལ་མཚམས་བསྒྲལ་ཏེ་ཕོ་ལན་གྱི་ལོ་ཙི་རུ་བསྐྱོད་པ་རེད། འདི་ནི་འགག་སྒོ་དེ་ནས་འདི་ལོ་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཨང་3000པ་དེ་ཡིན་པ་རེད།

གསར་འགོད་པར་ཧོར་གོ་སིའི་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་གསལ། རིམས་ནད་ཀྱི་གནས་ཚུལ་འོག ཀྲུང་ཡོ་དུས་གཏན་མེ་འཁོར་གྱི་དབོར་ཚད་ཆེ་བ་དང་། རིན་གོང་ཁེ་བ། རྒྱལ་ཁབ་(ས་ཁུལ)མང་པོར་བསྐྱོད་པ། ཧ་ཅང་བརྟན་པ་སོགས་ཀྱི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་སྔར་བས་མང་བས་དགའ་པོ་བྱེད་ཀྱི་ཡོད། འདི་ལོའི་ཟླ་7པ་དང་8པར། ཧོར་གོ་སིའི་འགག་སྒོའི་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་ཀྲུང་ཡོ་དུས་གཏན་མེ་འཁོར་སོ་སོར་495དང་482ཟིན་པ་དེ་དུས་མཚུངས་ལས་55.17%དང་62.29%འཕར་ཡོད།