《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月23日

རྒྱལ་ཡོངས་ཀྱི་སྨན་ཁང་འཛུགས་སྐྲུན་ཚོགས་ཆེན་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། “སྐབས་ཉེར་གཅིག་པའི་རྒྱལ་ཡོངས་ཀྱི་སྨན་ཁང་འཛུགས་སྐྲུན་ཚོགས་ཆེན”དང་ཀྲུང་གོ་རྒྱལ་སྤྱིའི་སྨན་ཁང་འཛུགས་སྐྲུན་དང་སྒྲིག་ཆས་དང་དེ་བཞིན་དོ་དམ་འགྲེམས་ཚོགས་དེ་ཟླ་9པའི་ཚེས་19ཉིན་ནས་ཚེས་21ཉིན་བར་ཧྲེན་ཀྲེན་དུ་འཚོགས་པ་རེད། དེ་ནི་རང་རྒྱལ་གྱིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་རྗེས་འཚོགས་པའི་སྨན་ཁང་འཛུགས་སྐྲུན་གྱི་འགྲེམས་ཚོགས་ཆེ་གྲས་ཐོག་མ་དེ་རེད། སླད་ཕྱིན“རྒྱུན་འགོག་དང་རིམས་འགོག་ཟུང་འབྲེལ”གྱི་འདུ་ཤེས་གཞིར་བཟུང་སྨན་ཁང་གསར་པ་བསྐྲུན་རྒྱུ་དང་ད་ཡོད་ཀྱི་སྨན་ཁང་སྒྱུར་བཀོད་བྱ་རྒྱུའི་ཐད་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་འགྲེམས་ཞུགས་ཁེ་ལས་ཀྱིས་བློ་འབྱེད་རང་བཞིན་ལྡན་པའི་ལྟ་བ་དང་ཐག་གཅོད་ཇུས་གཞི་མང་པོ་བཏོན་ཡོད་པ་རེད།

ས་གནས་ས་ཐོག་ཏུ་ཧོ་ཧྲེན་ཧྲན་དང་ལེ་ཧྲེན་ཧྲན་སྨན་ཁང་གི་བསྐྲུན་འགན་གཙོ་བོ་འཁུར་མཁན་ཚན་པ་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པས་མཁོ་འདོན་བྱས་པའི“ཧྲན་གཉིས”ཀྱི་སྨན་ཁང་མྱུར་ལ་སྤུས་ཚད་ལེགས་པའི་སྒོ་ནས་བསྐྲུན་པའི་ཉམས་མྱོང་དང་། དེ་བཞིན་རང་རྒྱལ་གྱིས་འཕྲལ་སྡོམ་མྱུར་སྐྲུན་འདུ་འགོད་འཛུགས་སྐྲུན་ལ་བཏོན་པའི་དགེ་མཚན་ལྡན་པའི་བསམ་འཆར་ལ། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ཧོ་ཧྲེན་ཧྲན་སྨན་ཁང་གི་བརྒྱུད་རིམ་ཧྲིལ་པོ་EPCའདུ་འགོད་ཀྱི་སྤྱིའི་འགན་གཙང་ལེན་གྱི་འདུ་ཤེས་གཞིར་བཟུང་ཉིན་10ཡི་དུས་ཚོད་ནང་བསྐྲུན་ཟིན་ཏེ་ནད་པར་སྨན་བཅོས་བྱས་པ་དང་། རིམ་རྩིས་བྱས་ན་ནད་པ་3059ལ་སྨན་བཅོས་བྱས་པ། ནད་པ་2961དྲག་སྐྱེད་བྱུང་བ་བཅས་ལས་སྨན་བཅོས་དང་དྲག་སྐྱེད་བྱུང་བའི་ནད་པའི་གྲངས་འབོར་ཝུའུ་ཧན་གྲོང་ཁྱེར་གྱི་ཨང་དང་པོ་ཟིན་ནས་སྨན་དོན་མི་སྣ་གཅིག་ལའང་རིམས་ནད་འགོས་མེད་པ་དང་། སྨན་ཁང་འཁོར་སྐྱོད་བྱེད་རིང་ལས་འཛོལ་གཅིག་ཀྱང་ཐོན་མེད་པ། སྨན་བཅོས་གད་སྙིགས་ཀྱི་སྦགས་བཙོག་བཟོས་མེད་པ། ནད་གཞི་ལྕི་བའི་ནད་པ་འཆི་ཚད་དམའ་བ་བཅས་ཀྱི་ངོ་མཚར་བཏོད་ཡོད་པ་རེད།

“ད་ཡོད་དང་དེ་བཞིན་འབྱུང་འགྱུར་གསར་དུ་བསྐྲུན་རྒྱུའི་ཕྱོགས་བསྡུས་སྨན་ཁང་ནང‘རྒྱུན་འགོག་དང་རིམས་འགོག་ཟུང་འབྲེལ’བྱ་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གདམ་ག་ཞིག་རེད་ལ། ཕྱོགས་བསྡུས་སྨན་ཁང་ཆེ་གྲས་ཀྱིས་ཐོལ་བྱུང་སྤྱི་པའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་དགོས་ངེས་ཀྱི་ཐབས་ལམ་ཞིག་ཀྱང་རེད”ཚོགས་ཆེན་གྱི་འགོ་ནད་སྨན་ཁང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཆེད་དོན་གླེང་སྟེགས་ནང་། ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་སྤྱིའི་འགན་གཙང་ལེན་བྱེད་མཁན་ཀུང་སིའི་སྤྱིའི་བཟོ་སྐྲུན་པ་ཧོ་ཧྲེན་ཧྲན་སྨན་ཁང་རྣམ་གྲངས་ཀྱི་སྤྱིའི་བཟོ་སྐྲུན་དགེ་རྒན་ཡུས་ཏེ་ཧྭ་ཡིས《རྒྱལ་ཡོངས་ཀྱི་སྨན་ཁང་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཆར་འགོད་རྩ་གནད(2021-2025)》

ནང་རང་རྒྱལ་གྱི་འབྱུང་འགྱུར་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་སོགས་དང་འབྲེལ་བ་ཡོད་པའི་གཏན་འཁེལ་མེད་པའི་རྒྱུ་རྐྱེན་ཏེ་རིམས་ནད་དང་། དམག་འཁྲུག རྫས་འགྱུར་མཚོན་ཆ་སོགས་ཚུད་པའི་མི་མངོན་པའི་ཉེན་ཁ་ཚང་མར་སྔ་བསྣུར་ནས་ཇུས་འགོད་དང་བཀོད་སྒྲིག་འོས་འཚམ་བྱས་ཏེ། “རྒྱུན་འགོག་དང་རིམས་འགོག་ཟུང་འབྲེལ”བྱེད་རྒྱུ་དེ་སྨན་ཁང་གསར་བསྐྲུན་གྱི་འདུ་འགོད་ནང་འཇུག་རྒྱུར་བསམ་གཞིག་བྱ་རྒྱུ་མ་ཟད། ད་དུང་ཧོ་ཧྲེན་ཧྲན་སྨན་ཁང་བསྐྲུན་པའི་ཉམས་མྱོང་དང་དེ་བཞིན་འབྲེལ་ཡོད་ཀྱི་ལག་རྩལ་འབྲེལ་ཡོད་ཀྱི་ཡིག་ཆའི་ནང་འཇོག་རྒྱུ་རེད།