《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月23日

རང་རྒྱལ་གྱི་དགེ་སྒྲུབ་ཞལ་འདེབས་དངུལ་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

འདི་ག་ཚགས་པར་ཁང་དུ་ཧྲེན་ཀྲེན་ནས་ཟླ་9ཚེས་20ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་གསུམ་གྱི་ཀྲུང་གོའི་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་སྤེལ་རེས་འགྲེམས་སྟོན་ཚོགས་འདུ(གཤམ་དུ་ཀྲུང་གོ་དགེ་སྒྲུབ་འགྲེམས་ཚོགས་ཞེས་བསྡུ་རྒྱུ)སྐབས་བརྒྱད་པ་ཚེས་20ཉིན་ཧྲེན་ཀྲེན་དུ་གྲོལ་བ་རེད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་31གི་སྒྲིག་གཞི་དང་རྣམ་གྲངས་1966དང་། དེ་བཞིན་དབུལ་སྐྱོར་ཐོན་ཟོག་རིགས་1969འགྲེམས་སྟོན་ནང་ཞུགས་ཤིང་། འགྲེམས་ཚོགས་རིང་འདོད་མཐུན་གྱི་འབྲེལ་མཐུད་ཐོན་ཁུངས་སྒོར་དུང་ཕྱུར་135.2ལྷག་ཙམ་ཟིན་ནས་དགེ་སྒྲུབ་སྟོབས་ཤུགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པའི་མཇུག་བསྡུའི་ལས་དོན་ལེགས་གྲུབ་ཟིན་པ་ཕྱོགས་ཡོངས་ནས་མངོན་ཡོད།

ཀྲུང་གོའི་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་འདུའི་ཐོག 《2019ལོའི་ཀྲུང་གོའི་དགེ་སྒྲུབ་ཞལ་འདེབས་རོགས་རམ་སྙན་ཞུ》(《སྙན་ཞུ》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་དང་། 《སྙན་ཞུའི》ནང་མངོན་གསལ། 2019ལོའི་ལོ་ཧྲིལ་པོར་རང་རྒྱལ་གྱིས་ས་ཁོངས་ཕྱི་ནང་གི་ཞལ་འདེབས་དངོས་པོ་དང་དངུལ་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་1701.44དང་ལེན་བྱས་པའི་ནང་། ནང་ས་ནས་དང་ལེན་བྱས་པའི་དངོས་པོ་དང་དངུལ་སྒོར་དུང་ཕྱུར་1509.44ཟིན་པ་དེ་དུས་མཚུངས་ལས་4.88%འཕར་ནས་ལོ་རིམ་བྱུང་གི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། མི་རེས་ཆ་སྙོམས་སྒོར་107.81ཞལ་འདེབས་ཕུལ་བ་དེ་ན་ནིང་ལས་ཕྲན་བུ་འཕར་བ་རེད། 2019ལོར་རང་རྒྱལ་གྱི་དགེ་སྒྲུབ་ཀྱི་ཞལ་འདེབས་དངུལ་སློབ་གསོ་དང་། དབུལ་སྐྱོར། སྨན་བཅོས་བཅས་ཁྱབ་ཁོངས་གསུམ་དུ་སྤྱོད་ཚད་སྔར་བཞིན་མང་ཤོས་ཡིན་པ་དང་ཞལ་འདེབས་དངུལ་འབོར་སྒོར་དུང་ཕྱུར་440.31དང་། སྒོར་དུང་ཕྱུར་379.02 སྒོར་དུང་ཕྱུར་272.23བཅས་སོ་སོར་ཟིན་ནས། དེ་གསུམ་གྱི་བསྡོམས་འབོར་གྱིས་ཞལ་འདེབས་བསྡོམས་འབོར་གྱི་72.32%བཟུང་བ་དེ་ཐོག་ནས་དམངས་འཚོར་དོ་ཁུར་དང་སྤྱི་ཚོགས་དྲང་གཞག་ལ་སྐུལ་འདེད་བཏང་བ་མཚོན་གྱི་ཡོད་པ་རེད།