《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月21日

མཚོ་སྔོན་བྲག་དཀར་རྫོང་གི་གནས་སྤོས་བྱ་ཡུལ་གྱི་འཚོ་བ་གསར་པ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་དུ་ཆགས་པའི་ཨ་མདོ་དམངས་སྲོལ་རིག་གནས་གྲོང་ཚོ་ནི་མཚོ་ལྷོ་ཀྲོའུ་ཡི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་ཆེ་ཤོས་དེ་ཡིན། 2017ལོ་ཚུན་དུ་བྲག་དཀར་རྫོང་གིས་རྫོང་ཡོངས་ཀྱི་ཐར་ཐོར་དང་ཐག་རིང་དུ་གནས་པའི་འབྲོག་པ་དུད་ཚང་853གཅིག་སྡུད་ཐོག་གནས་སྤོས་བྱེད་པའི་བཀོད་སྒྲིག་བྱས། 2018ལོའི་ཟླ་10པར་བཀོད་སྒྲིག་བྱ་ཡུལ་ཡོངས་ལས་མཇུག་འགྲིལ་ནས་གནས་སྤོས་བྱས་པས་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། ཨ་མདོ་དམངས་སྲོལ་རིག་གནས་གྲོང་ཚོས་ད་དུང་ས་མཐོའི་དྲ་ཐོག་ཚོང་དོན་ལྟེ་གནས་བཙུགས་ནས་དྲ་ཐོག་ཚོང་དོན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དུས་མཚུངས། རྩྭ་ར་དོ་དམ་པ་དང་ཁོར་ཡུག་གཙང་སྦྲ་བྱེད་མཁན་སོགས་ཀྱི་ལས་གནས་བཀོད་སྒྲིག་བྱས་པར་བརྟེན། ཡུལ་མིའི་ཡོང་འབབ་བརྟན་པོ་འཕར་བ་རེད།

↑ འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་གྱི་ཨ་མདོ་དམངས་སྲོལ་རིག་གནས་གྲོང་ཚོ་ཡིན་པ།

↑ འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་རིག་གནས་གྲོང་ཚོར་ཡུལ་དེ་གའི་ཡུལ་མིས་རྫོང་གྲོང་ནས་སྤྱི་སྤྱོད་རླངས་འཁོར་བསྡད་དེ་ཁྱིམ་དུ་ལོག་བཞིན་པ།

↑ འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་རིག་གནས་གྲོང་ཚོའི་དྲ་ཐོག་ཚོང་དོན་ལྟེ་གནས་སུ་ཡུལ་མི་རྡོ་རྗེ་ཕག་མོས་ཚོང་ཟོག་སྒྲིག་བཞིན་པ།

← འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ཨ་མདོ་དམངས་སྲོལ་རིག་གནས་གྲོང་ཚོའི་ཁོར་ཡུག་གཙང་སྦྲ་བྱེད་མཁན་ཀླུ་མོ་མཚོས་ཁྲོམ་གཞུང་ལ་གད་འཕྱག་བཞིན་པ།