《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月21日

ཝི་ཨེན་ན་རུ་གློག་སྒུལ་སྦག་སྦག་བཞོན་ནས་སྐོར་སྐྱོད་ཆེན་པོ་བྱས་པ།

ཉིན་ཤས་གོང་། ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ནར་གྲོང་ཁྱེར་དེའི་སྐད་གྲགས་ཡོད་པའི་གྲོང་ཁུལ་ནང་མའི་གྲོང་སྐོར་ལམ་ཆེན་དུ་གློག་སྒུལ་སྦག་སྦག་བཞོན་ནས་སྐོར་སྐྱོད་ཆེན་པོ་བྱེད་པའི་བྱེད་སྒོ་སྤེལ་བར་གློག་སྒུལ་རླངས་འཁོར་དང་། གློག་སྒུལ་སྦག་སྦག དེ་བཞིན་གློག་སྒུལ་འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་བཅས་བརྒྱ་ཕྲག་ཁ་ཤས་ཞུགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། སྦགས་བཙོག་མེད་པ་དང་། ཕན་འབྲས་ཆེ་བ། ཁ་ཁུ་སིམ་པ་བཅས་ཀྱིས་ཕྱིར་སྐྱོད་བྱེད་པའི་འབོད་སྐུལ་དང་ལྕག་སྐུལ་བྱ་ཆེད་རེད།

འདི་ནི་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་ནས་པར་དུ་བླངས་པའི་གློག་སྒུལ་སྦག་སྦག་བཞོན་ནས་སྐོར་སྐྱོད་ཆེན་པོ་བྱེད་པའི་བྱེད་སྒོའི་གློག་སྒུལ་སྦག་སྦག་ཡིན་པ།