《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月21日

གྲངས་འཛིན་དཔལ་འབྱོར་གྱིས་ཡིད་ཆེས་ཆེ་རུ་བཏང་བ་དང་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་འཐུས་སྒོ་ཚང་དུ་སོང་བ།

—— ཞབས་ཞུའི་ཚོང་དོན་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་མཐོང་སྣང་གསར་པར་ལྟ་བ།

གྲངས་འཛིན་ཚོང་དོན་གྱི་མྱུར་ཚད་མགྱོགས་སུ་ཕྱིན་ཏེ་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་བཏོད་པ།

2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་ཐོག“རྒྱུད་གཅིག་ལམ་གཅིག”ནི་མིང་དོན་མཚུངས་པའི་གླེང་མང་བའི་ཚིག་གཅིག་ཏུ་གྱུར་ཡོད།

ཞབས་ཞུའི་ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་གོ་སྐབས་གསར་པ་དང་འཕེལ་རྒྱས་གསར་པ་གང་དག་བྱུང་ཡོད་མེད་ཐད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་ཐོག་ནས་མཐོང་སྣང་གསར་ཤོས་ཤེས་རྟོགས་ཐུབ་བྱུང་།

“ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་ལོ་སིའི་སྤྲིན་རྩིས་ལྟེ་གནས”དང་། “ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་ཤར་གཏོང་གྲངས་འཛིན་ཅན་གྱི་ལས་སྟེགས”“ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཚོ་ཐོག་སྐྱེལ་འདྲེན་ཚོང་དོན་གྲངས་འཛིན་ཅན་གྱི་ལས་སྟེགས”སོགས“ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི”རྣམ་གྲངས་མང་པོ་ཞིག་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲངས་འཛིན་དཔལ་འབྱོར་མཉམ་ལས་ལ་འདེགས་སྐྱོར་ཆེན་པོ་བྱེད་བཞིན་ཡོད།

དེ་ནི“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་གྲངས་འཛིན་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་པའི་བསྡུས་རིས་ཤིག་རེད། ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་ཀྱི་རྒྱལ་ཁབ་ཁག་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཆེད་ཁུལ་འགྲེམས་ཁང་དུ་ཀྲུང་གོའི་གྲངས་འཛིན་ཞབས་ཞུས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་འཕེལ་རྒྱས་ལ་རམ་འདེགས་བྱས་པའི་དཔེ་མཚོན་གང་སར་མཐོང་རྒྱུ་ཡོད།

ཀྲུང་གོའི་ཞབས་ཞུའི་ཚོང་དོན་མཐུན་ཚོགས་ཀྱི་བློ་འདྲི་བ་ལུང་ཡུང་ཐུའུ་ཡིས་གྲངས་འཛིན་དཔལ་འབྱོར་ནི་མི་འབོར་དཔལ་འབྱོར་དང་། ཕྱོགས་སྒྱུར་དཔལ་འབྱོར། ཀུན་ཕན་དཔལ་འབྱོར། སྒོ་དབྱེ་དཔལ་འབྱོར་བཅས་ཡིན་པ་དང་། མིག་སྔར་རྒྱལ་སྤྱིའི་ཚོང་དོན་དང་དཔལ་འབྱོར་གནས་བབ་ཛ་དྲག་པོའི་རྒྱབ་ལྗོངས་འོག གྲངས་འཛིན་ཚོང་དོན་གྱིས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་ཏེ་མཉམ་ལས་དང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་གཏོད་སྲིད་ཅེས་བརྗོད།

“གྲངས་འཛིན་ཅན་དང་རིག་ནུས་ཅན་གྱིས་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་འབྲེལ་སྔ་ན་མེད་པའི་གསར་གཏོད་ལ་སྐུལ་འདེད་ཀྱང་བཏང་ཡོད། ཀྲུང་གོའི་ཞབས་ཞུའི་ཚོང་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡོན་ཧྲི་ཀྲོའུ་ཁྲེང་ཧུའུ་ཡིས་གྲངས་འཛིན་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་མགྱོགས་སུ་བཏང་ཚེ་ཞབས་ཞུའི་ཚོང་དོན་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཕེལ་རིམ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ལ། ཞབས་ཞུའི་ཚོང་དོན་གྱི་ལས་རྣམ་གསར་པ་དང་ཐབས་ཤེས་གསར་པ་འཕེལ་རྒྱས་གཏོང་བར་ཡང་ཕན་ཐོགས་ཡོད་ཅེས་བརྗོད།

སྨན་བཅོས་ཞབས་ཞུའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་ཁག་ལ་བདེ་ཐང་སྲུང་སྐྱོང་དེ་བས་མང་བ་བྱས་པ།

“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་རིང་ལམ་རྒྱུད་རྒྱལ་ཁབ་ཀྱི་སྨན་དང་སྨན་རྫས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

དེ་དང་ཆབས་ཅིག་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱང་མགྱོགས་མྱུར་ཕྱི་རྒྱལ་དུ་ཁྱབ་ཡོད། གསར་འགོད་པར་ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་ཀྱི་རྒྱལ་ཁབ་ཁག་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཆེད་ཁུལ་ནས་ཧྲང་ཧའེ་གྲོང་ཁྱེར་གྱིས་ཚོང་ལས་ཞབས་ཞུ་སོགས་ཞབས་ཞུའི་ཚོང་དོན་གྱི་རྣམ་པར་བརྟེན་ནས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། ཀྲུང་གོ་དང་ཅེ་ཁེ། ཀྲུང་གོ་དང་ཐེ་ལན། ཀྲུང་གོ་དང་མོ་རི་ཐིའུ་སི་སོགས་དབར་ཀྲུང་ལུགས་གསོ་རིག་ལྟེ་གནས་བཏོད་དེ་དམངས་ཚོགས་ཀྱི་སྣ་མང་ཅན་གྱི་བདེ་ཐང་དགོས་མཁོ་སྐོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་ཤེས་རྟོགས་བྱུང་།

ཚོང་གཉེར་ཁོར་ཡུག་དེ་བས་ཡག་པ་བསྐྲུན་ཏེ་སྒོ་དབྱེ་ནས་མཉམ་ལས་ལ་སྐུལ་འདེད་བཏང་བ།

ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་ཀྱི་ཕྱོགས་བསྡུས་འགྲེམས་ཁུལ་དུ“རྒྱུད་གཅིག་ལམ་གཅིག”གི་བཅའ་ཁྲིམས་དང་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཀྱི་འགྲེམས་སྟེགས་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་འདུམ་འགྲིག་པ་ཡོངས་ཀྱི་མིང་འཁོད་པའི་དར་སྐུད་དམར་པོ་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་པ་དེ་ནི་མེ་ལྕེ་དམར་པོ་ཞིག་དང་ཧ་ཅང་འདྲ་པོ་འདུག

“རྒྱུད་གཅིག་ལམ་གཅིག”གི་བཅའ་ཁྲིམས་དང་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དེ“ཞབས་ཞུའི་ཚོང་དོན་མཉམ་ལས་ཀྱི་གཅེས་ནོར་བརྒྱད”ཀྱི་གྲས་སུ་བཅུག་པ་ལས། ཚོང་གཉེར་ཁོར་ཡུག་བཟང་པོའི་དོན་སྙིང་གལ་ཆེན་གང་ལེགས་མཚོན་ཡོད།

“གོམ་སྟབས་རྗེས་མར། ང་ཚོས་ཁེ་ལས་ཀྱིས་རང་མོས་ཚོང་དོན་གྱི་གྲོས་མཐུན་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་གཟིགས་སྐྱོང་སྲིད་ཇུས་ཀྱིས་སྐུལ་འདེད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པ་བྱེད་ཀྱི་ཡིན། ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག རྒྱལ་ཁབ་དང་ས་ཁུལ་སྔར་ལས་མང་བ་དང་ཆུ་ཚད་མཐོ་བའི་རང་མོས་ཚོང་དོན་གྱི་གྲོས་མཐུན་འཇོག་རྒྱུ་དང་དུས་མཚུངས་རྒྱལ་ཁབ་ཁག་གི་ཚོང་དོན་སྲིད་ཇུས་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ། ཞབས་ཞུའི་ཚོང་དོན་གྱི་སྒྲིག་སྲོལ་དང་ཚད་གཞི་གཏན་འབེབས་དང་མཐུན་སྦྱོར་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་གཏོང་གི་ཡིན”ཞེས་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་འདེད་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ཀྲང་ཧྲེན་ཧྥུང་གིས་བརྗོད།

(བསྟན་འཛིན་བློ་གྲོས་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)