《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཡིད་དབང་འཕྲོག་པའི་ཀན་ལྷོ།

← 2019ལོ་ནས་བཟུང་། ཀན་ལྷོ་ཀྲོའུ་ཡིས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་དེ་དབུལ་སྒྲོལ་འགག་སྒྲོལ་དང་། ཁོར་ཡུག་བཅོས་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས“གཅིག་བཅུ་བརྒྱ་སྟོང་ཁྲིའི”འདུ་འགོད་ལག་བསྟར་བྱས་ཤིང་། “ཁུལ་ཡོངས་ཡུལ་སྐོར་ལ་གད་སྙིགས་མེད·ཡིད་དབང་འཕྲོག་པའི་ཀན་ལྷོ”ཞེས་པའི་ཁྱད་ལྡན་སྤུས་རྟགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། རིག་གནས་ཡུལ་སྐོར་གྱི་དཔེ་མཚོན་གྲོང་ཚོ་བཅོ་ལྔ་གཏོད་པ། ཁུལ་ཡོངས་ཡུལ་སྐོར་གྱི་ཆེད་ལས་གྲོང་ཚོ་བརྒྱ་གཏོད་པའི་འཚོལ་ཞིབ་བྱེད་པ། ཡུལ་སྐོར་གྱི་བྱེད་ནུས་ལྡན་པའི་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་ཆིག་སྟོང་མགྱོགས་མྱུར་སྐྲུན་པ། དམངས་ཁྱིམ་མགྲོན་ཁང་རྩེ་གྲ་དང་སྐར་རིམ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཆིག་ཁྲི་གཏོད་པ་བཅས་བྱས་པར་བརྟེན། ལས་རྣམ་སྣ་མང་མཉམ་འདྲེས་འདེགས་སྐྱོར་གྱི་ཁུལ་ཡོངས་ཡུལ་སྐོར་གྱི་རྣམ་པ་གསར་པ་གཞི་རྩའི་ཆར་གྲུབ་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་ཁྲིད་སྟོན་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཅིང་། འདི་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བསང་ཆུ་རྫོང་གི་བླ་བྲང་དགོན་པའི་གུང་ཐང་མཆོད་རྟེན་ཡིན་པ།