《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

སི་རི་ལན་ཁའི་གུང་ཁྲན་ཏང་གི་དེ་སྔའི་སྤྱི་ཁྱབ་ཧྲུའུ་ཅིས་བརྗོད་དོན།

“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་འཕེལ་རྒྱས་ འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་གློག་འཕྲིན་འབྱོར་གསལ། ལས་གནས་ནས་ཕྱིར་འཐེན་བྱས་མ་ཐག་པའི་སི་རི་ལན་ཁའི་གུང་ཁྲན་ཏང་གི་དེ་སྔའི་སྤྱི་ཁྱབ་ཧྲུའུ་ཅི་ཀུའུ་ན་སའེ་ཁེ་ལ་ཡིས་ཉིན་ཤས་གོང་ཁོ་ལོན་པོ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་སི་རི་ལན་ཁ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མི་དམངས་ལ་ཕན་པ་ཡུན་རིང་འཐོབ་སྲིད་པ་དང་འབྲེལ་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་གཏོང་སྲིད་ཅེས་བརྗོད།

ཀུའུ་ན་སའེ་ཁེ་ལ་ཡིས། ལོ་མང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་སི་ཀྲུང་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོས་སི་རི་ལན་ཁའི་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་དམངས་འཚོའི་རྣམ་གྲངས་གཞན་དག་ལ་མ་དངུལ་འབོར་ཆེན་བཏང་བས་སི་རི་ལན་ཁའི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་ཅེས་བརྗོད།

ཀུའུ་ན་སའེ་ཁེ་ལ་ཡིས། ཉེ་བའི་ལོའི་ནང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་རིང་ལམ་རྒྱུད་རྒྱལ་ཁབ་གཞན་དག་དང་མཉམ་ལས་ཧུར་ཐག་བྱས་པ་དང་ཀྲུང་གོས་བསྐྲུན་པའི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ས་ཁོངས་གཙོ་བོར་ཁྱབ་པའི་སྐྱེལ་འདྲེན་དྲ་བས་ལམ་རྒྱུད་རྒྱལ་ཁབ་དར་རྒྱས་དང་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་རྒྱུར་རམ་འདེགས་ཐུབ་སྲིད་ཅེས་བརྗོད།

ཁོང་གིས། “རྒྱུད་གཅིག་ལམ་གཅིག”གིས་དུས་མཚུངས་སུ་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཨ་ཧྥེ་རེ་ཁ་དང་། ལ་ཏིང་མེ་གླིང་། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོ་བཅས་སུ་དཔལ་འབྱོར་ལྟེ་གནས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་བའི་ངོས་འཛིན་བྱས་པ་རེད།

2004ལོ་ནས་2020ལོའི་ཟླ་8པའི་བར་ཀུའུ་ན་སའེ་ཁེ་ལ་ཡིས་སི་རི་ལན་ཁའི་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་པ་རེད།