《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་ལས་ཀྲུང་གོས་འགྲན་སློང་ལ་བསུ་བ་ཞུ་བའི་ཆོད་སེམས་དང་སྒོ་དབྱེའི་ལྷག་བསམ་མངོན་ཡོད།

—— འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཞབས་ཞུ་ཚོང་དོན་དང་མ་འཇོག་སིའི་སི་ཀྲང་ཁྲའེ་ཞའོ་ལིན་ལ་བཅར་འདྲི་བྱས་པ།

2020ལོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་ལས་ཀྲུང་གོ་སྲིད་གཞུང་གིས་དངོས་ཡོད་ཀྱི་དཀའ་ངལ་དང་ཕུགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་འགྱུར་མེད་སྟོབས་ལྡན་གྱི་ཆོད་སེམས་མཚོན་ཡོད་ལ། ཀྲུང་གོའི་སྒོ་དབྱེའི་ལྷག་བསམ་དང་རྒྱལ་སྤྱིའི་མཉམ་ལས་ལ་མཐོང་ཆེན་བྱེད་ལུགས་ཀྱང་མངོན་ཡོད་ཅེས་ཉིན་ཤས་གོང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཞབས་ཞུའི་ཚོང་དོན་དང་མ་འཇོག་སིའི་སི་ཀྲང་ཁྲའེ་ཞའོ་ལིན་ལ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཆེད་མངགས་བཅར་འདྲི་བྱེད་སྐབས་དེ་ལྟར་བརྗོད།

ཁྲའེ་ཞའོ་ལིན་གྱིས། རིམས་ནད་རིང་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཀྲུང་གོས་འགག་རྩའི་ནུས་པ་བཏོན་པ་དང་འབྲེལ། གོ་ལ་ཧྲིལ་པོའི་རིན་ཐང་འཁོར་འབྲེལ་རྒྱུན་གཏན་ལྟར་འཁོར་རྒྱུག་ཐུབ་ཆེད་ལེགས་སྐྱེས་ཕུལ་ཡོད། “ཀྲུང་གོས་རིམས་ནད་ཐོན་ནས་ཡུན་རིང་མ་སོང་བར་ཚོགས་འདུ་འདི་འདྲ་ཞིག་འཚོགས་པ་ལས། ཀྲུང་གོའི་སྒོ་དབྱེའི་ལྷག་བསམ་དང་རྒྱལ་སྤྱིའི་མཉམ་ལས་ལ་མཐོང་ཆེན་བྱེད་ལུགས་མངོན་ཡོད”ཅེས་བརྗོད།

དེ་དང་ཆབས་ཅིག་ཁོང་གིས་ད་ཐེངས་ཀྱི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་འདུ་ཚོགས་ཀྱིས“གོ་ལ་ཧྲིལ་པོའི་ཞབས་འདེགས། གཉིས་ཕན་མཉམ་སྤྱོད”བརྗོད་དོན་གཙོ་བོར་བྱས་པ་ལས། དངོས་ཡོད་ཀྱི་དཀའ་ངལ་ལ་ཁ་གཏད་གཅོག་པ་དང་ཕུགས་ཀྱི་འགྲན་སློང་ལ་བསུ་བ་ཞུ་བའི་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་ཆོད་སེམས་མངོན་ཡོད་ཅེས་བརྗོད།

ཁྲའེ་ཞའོ་ལིན་གྱིས། མིག་སྔར་ཞབས་ཞུའི་ལས་རིགས་ཀྱིས་གོ་ལ་ཧྲིལ་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་65%བཟུང་ཡོད། དེ་དང་དུས་མཚུངས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སུམ་ཆ་གཉིས་ཀྱི་ལས་ཞུགས་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ལྔ་ཆ་བཞིའི་ལས་ཞུགས་ཚང་མ་ཞབས་ཞུའི་ལས་རིགས་ལས་བྱུང་བ་རེད། གྲངས་འཛིན་ཅན་དང་། ཡོང་འབབ་འཕར་བ། མི་འབོར་གྱི་གྲུབ་ཆར་འགྱུར་ལྡོག་ཕྱིན་པ། དེ་བཞིན་གནམ་གཤིས་ཀྱི་འགྱུར་ལྡོག་བཅས་འཕེལ་ཕྱོགས་ཆེན་པོ་བཞིས་ཞབས་ཞུའི་ཚོང་དོན་གྱི་འཕེལ་རྒྱས་ཁ་ཕྱོགས་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བརྗོད།

ཁོང་གིས། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་དཔྱད་དཔོག་རགས་ཙམ་བྱས་པར་གཞིགས་ན། ཏོག་གསར་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་ནས་བཟུང་། ཡུལ་སྐོར་དང་། སྐྱེལ་འདྲེན། ཟོག་འགྲེམས་སོགས་ཞབས་ཞུའི་ལས་རིགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། སིལ་ཚོང་དང་། སྨན་བཅོས། སློབ་གསོ། གློག་འཕྲིན། རོལ་རྩེད་སོགས་ཁྱབ་ཁོངས་སུ་དྲ་ཐོག་ཞབས་འདེགས་སྤྱོད་པའི་མི་རྣམས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་ཡོད། “ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཞབས་ཞུའི་ཚོང་དོན་ལ་མཐུན་རྐྱེན་བསྐྲུན་པ་ནི་རྒྱལ་ཁབ་ཁག་གིས་དཔལ་འབྱོར་ཆག་པར་ཁ་གཏད་གཅོག་པ་དང་དཔལ་འབྱོར་སླར་གསོ་མངོན་འགྱུར་བྱེད་པའི་འགག་རྩར་འགྱུར་སྲིད”ཅེས་བརྗོད།

ཁྲའེ་ཞའོ་ལིན་གྱིས་ངོས་འཛིན་བྱས་དོན། དུས་ཐུང་ནས་བལྟས་ན། ཞབས་ཞུའི་ཚོང་དོན་འདུ་ཚོགས་ལས་འཛམ་གླིང་དུ་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ཀྲུང་གོས་བྱས་པའི་འབད་བརྩོན་ཆེན་པོ་དང་ཀྲུང་གོར་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ་ཀྲུང་གོ་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་པ་གསལ་པོར་བསྟན་ཡོད། ཕུགས་ཀྱི་ཆ་ནས་བལྟས་ན། ཞབས་ཞུའི་ཚོང་དོན་འདུ་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་ཚོང་དོན་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ངེས་རེད།