《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

བོད་ལྗོངས་མངའ་རིས་སུ་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ལ་སྐྱེལ་མ་ཞུས་པ།

2020ལོའི་ཟླ་9ཚེས་12ཉིན་བཀྲ་ཤིས་སྒང་མཐའ་སྲུང་ལེན་ཤོག་གི་ལེན་ཀྲང་ལི་ཧའོ་ཡིས་མིག་ལ་མཆི་ཞག་འཁོར་བཞིན་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ལ་ཁ་བཏགས་གཡོག་བཞིན་པ།

2020ལོའི་ཟླ་9ཚེས་12ཉིན་བཀྲ་ཤིས་སྒང་མཐའ་སྲུང་ལེན་ཤོག་གི་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ཧྥན་ཡོན་ཡོན་གྱིས་འཐབ་གྲོགས་དང་བྲལ་མི་ཕོད་པ་བྱེད་བཞིན་པ།

2020ལོའི་ཟླ་9ཚེས་12ཉིན། བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་བཀྲ་ཤིས་སྒང་མཐའ་སྲུང་ལེན་ཤོག་ཅིག་གིས་མཛད་སྒོ་འཚོགས་ནས་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་20ལྷག་ཙམ་སྐྱེལ་མ་ཞུས་པ་རེད། ས་བབ་མཐོ་ཚད་སྨི་4300ལྷག་ཙམ་གྱི་མངའ་རིས་ས་མཐོར་རྒྱུན་སྡོད་བྱེད་མཁན་བཀྲ་ཤིས་སྒང་མཐའ་སྲུང་ལེན་ཤོག་གི་དཔོན་དམག་ཚོས་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས་དཔའ་བོའི་གླུ་གཞས་རེ་རེ་བཞིན་བརྩམས་ཡོད། ཁོང་ཚོས་རྒྱུན་དུ“འཚོ་གནས་དཀའ་ཁུལ”དུ་བསྡད་ནས་རྐང་ཐང་མར་རྒྱལ་མཚམས་ལམ་ཐིག་ཏུ་སྐོར་གཡེང་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་བྱས་ཏེ། གོང་རིམ་ནས་སྤྲད་པའི་རྒྱལ་སྲུང་མཐའ་སྲུང་གི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། 2013ལོར་མཐའ་སྲུང་ལེན་ཤོག་དེར་ཀྲུང་དབྱང་དམག་ཨུད་ཀྱིས“གངས་ལྗོངས་ས་མཐོའི་མཐའ་སྲུང་དཔེ་སྟོན་ལེན་ཤོག”གི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།