《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

མཚོ་སྔོན་གྱིས།

རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་73བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། 2016ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། རིམ་རྩིས་ལྟར་ན། ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་73ལྷག་ཙམ་བཀོད་སྒྲིག་བྱས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱས་པ་རེད།

འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་སླར་་ཡང་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་པའི་ཀྲུང་དབྱང་གི་ཆེད་དངུལ་སྒོར་དུང་ཕྱུར་2.07བརྩོན་ལེན་ཧུར་ཐག་བྱས་ནས། གྲོང་ཚོ་རེར་སྒོར་ཁྲི་50ཡི་ཚད་གཞིའི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཚོ་413ལ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བར་མུ་མཐུད་འདེགས་སྐྱོར་བྱས་པ་རེད། སྲིད་འཛིན་གྲོང་ཚོ་ཁག་གཅིག་ལ་སྔར་བཞིན་གྲོང་ཚོ་རིམ་པའི་དཔལ་འབྱོར་མེད་པའི་དོན་དངོས་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་ནོར་སྲིད་སྡེ་ཚན་གྱིས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་དང་མཉམ་དུ་མ་དངུལ་རྒྱབ་སྐྱོར་གྱི་གཙོ་གནད་ལ་ཞིབ་འཇུག་བྱས་ནས་མ་དངུལ་སྒོར་ཁྲི་350གྲབས་གསོག་བྱས་ཏེ། མཉམ་སྡེབ་དཔལ་འབྱོར་མེད་པའི་སྲིད་འཛིན་གྲོང་ཚོར་སྔོན་ལ་བསམ་གཞིག་དང་། ནོར་སྲིད་འདེགས་སྐྱོར་མ་དངུལ་བཀོད་སྒྲིག་བྱས་མེད་པའི་སྲིད་འཛིན་གྲོང་ཚོར་མ་དངུལ་གཟིགས་སྐྱོང་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་འགྲོ་བར་ནོར་སྲིད་མ་དངུལ་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)