《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

ཀྲུང་ལོ་ལྕགས་ལམ་གྱི་རྒྱལ་མཚམས་སྒྲོལ་བའི་ཕུག་ལམ་འབའ་ཞིག་མཛའ་གྲོགས་ཕུག་ལམ་ཏལ་འབིགས་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་13ཉིན་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ཀྱི་འཛུགས་སྐྲུན་པ་1200ལྷག་ཙམ་གྱིས་ཉིན་1543རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པས་སྐྲུན་འགན་འཁུར་བའི་ཀྲུང(ཀྲུང་གོ)ལོ(ལོ་སི)ཁུན(ཁུན་མིང)ཝན་ཐེན(ཞང)ལྕགས་ལམ་གྱི་མཛའ་གྲོགས་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་རེད། དེས་ན་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་ནང་དུམ་བུའི་ཕུག་ལམ་ལས་གྲྭའི་97.5%ལེགས་གྲུབ་ཟིན་ནས་ལམ་ཐིག་ཧྲིལ་པའི་ཤར་གཏོང་ལ་རྨང་གཞི་བརྟན་པོ་བཏིང་པ་རེད།

མཛའ་གྲོགས་ཕུག་ལམ་དེ་ཀྲུང་གོ་དང་ལོ་སིའི་མཐའ་མཚམས་སུ་གནས་པ་དང་ཀྲུང་གོ་དང་ལོ་སིའི་རྒྱལ་མཚམས་སྒྲོལ་བའི་ཕུག་ལམ་ཞིག་ཡིན་ཞིང་། ཕུག་ལམ་གཅིག་གིས་རྒྱལ་ཁབ་གཉིས་སྦྲེལ་ཡོད་ལ། དེ་ནི་ཀྲུང་ལོ་ལྕགས་ལམ་གྱི་རྒྱལ་མཚམས་སྒྲོལ་བའི་ཕུག་ལམ་འབའ་ཞིག་དེ་རེད། ཕུག་ལམ་གྱི་རིང་ཚད་ཡོངས་ལ་སྤྱི་ལེ་9.59ཡོད་པའི་ནང་རང་རྒྱལ་གྱི་ས་མཚམས་ནང་སྤྱི་ལེ་7.17དང་། ལོ་སིའི་ས་མཚམས་ནང་སྤྱི་ལེ་2.42ཡོད་པར་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ160ཇུས་བཀོད་བྱས་ཡོད་པ་རེད། ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་མཚོན་བྱེད་ཕུག་ལམ་གྱི་མིང་ལ་མཛའ་གྲོགས་ཕུག་ལམ་ཞེས་བཏགས་པ་རེད།