《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་སྐོར་གྱི་ལངས་ཕྱོགས་ཡིག་ཆ་བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ཕྱི་འབྲེལ་པུས《ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་སྐོར་གྱི་ལངས་ཕྱོགས་ཡིག་ཆ》བཀྲམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་དང་། རྒྱལ་སྤྱིའི་དུས་བབ། རྒྱུན་མཐུད་ཆེན་པོའི་འཕེལ་རྒྱས། རིམས་འགོག་མཉམ་ལས་སོགས་གནད་དོན་གྱི་ཀྲུང་གོའི་ལངས་ཕྱོགས་དང་འདོད་ཚུལ་རྒྱས་བཤད་བྱས་ཡོད།

ལངས་ཕྱོགས་ཀྱི་ཡིག་ཆའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བར་དྲན་གསོ་ཞུ་བ་གོ་སྐབས་གལ་ཆེན་དུ་བྱས་ཏེ་འཛམ་གླིང་གི་ཧྥ་ཤི་སེར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ཐུན་མོང་ཐོག་སྲུང་སྐྱོང་དང་། ཕྱོགས་རྐྱང་རིང་ལུགས་དང་། བཙན་དབང་རིང་ལུགས། ཆབ་སྲིད་བཙན་དབང་བཅས་ལ་བཀག་འགོག ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བརྟན་པོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་སྲོལ་སྙིང་དོན་དང་རྩ་དོན་ལ་སྲུང་སྐྱོང་བརྟན་པོ་བཅས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་སྐྲུན་འདོད་ཡོད་ཅེས་བཏོན་ཡོད།