《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

ཡོ་རོབ་ཀྱི་རོལ་དབྱངས་ཁུང་ཙིའི་སློབ་ཚན་ཐོག་མས་དགེ་རྒན་དུས་ཆེན་ལ་སློབ་འགོ་ཡང་བསྐྱར་ཚུགས་པ།

ཟླ་9ཚེས་10ཉིན་ནི་ཀྲུང་གོའི་དགེ་རྒན་དུས་ཆེན་རེད་ལ། ཡུག་རེན་རྒྱལ་བཙུགས་ཚའེ་ཁོ་ཕུའུ་སི་ཅིའི་རོལ་དབྱངས་སློབ་གླིང་གི་ཁུང་ཙིའི་སློབ་ཚན་གྱི་སློབ་མ་ཚོས་སློབ་མཚམས་བཞག་ནས་ལོ་ཕྱེད་སོང་རྗེས་སློབ་འགོ་བསྐྱར་ཚུགས་ཀྱི་ཉིན་མོ་རེད། ཀྲུང་ཡུག་གི་དགེ་སློབ་ཚོས་ངོ་མཚར་ལྡན་པའི་འཁྲབ་སྟོན་བྱས་ཏེ་དམིགས་བསལ་གྱི་དུས་ཆེན་དེར་རྟེན་འབྲེལ་ཞུས་པ་རེད། ཡུག་རེན་རྒྱལ་བཙུགས་ཚའེ་ཁོ་ཕུའུ་སི་ཅིའི་རོལ་དབྱངས་སློབ་གླིང་ཁུང་ཙིའི་སློབ་ཚན་2019ལོའི་ཟླ་དྲུག་པར་སྒོ་བྱང་བཀལ་ནས་བཙུགས་པ་དང་ཡོ་རོབ་ཀྱི་རོལ་དབྱངས་ཁུང་ཙིའི་སློབ་ཚན་ཐོག་མ་དེ་ཡིན་ཞིང་།

འདི་ནི་ཡུག་རེན་གྱི་གྲོང་ཁྱེར་ཁེ་ལྦི་རུ་དང་བླངས་པ་དང་ཁུང་ཙིའི་སློབ་ཚན་གྱི་སློབ་མ་ཚོས་ཡུག་རེན་ཕྱོགས་ཀྱི་དགེ་རྒན་ལ་མེ་ཏོག་འབུལ་བཞིན་པ།