《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཞིང་ལས་དང་ཆུ་བེད་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཉི་ཤུ་ཚོགས་པའི(G20)ཞིང་ལས་དང་ཆུ་བེད་པུའུ་ཀྲང་གི་ཚོགས་འདུ་དྲ་ཐོག་ནས་འཚོགས་པ་རེད། ད་རེས་ཀྱི་ཚོགས་འདུ་ནི་འདི་ལོའི་ཟླ་4ཚེས་21ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཞིང་ལས་པུའུ་ཀྲང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་དམིགས་བསལ་ཚོགས་འདུ་འཚོགས་རྗེས། ཞིང་ལས་ཁྱབ་ཁོངས་སུ་འཚོགས་པའི་པུའུ་ཀྲང་རིམ་པའི་བརྙན་ལམ་ཚོགས་འདུ་ཐེངས་གཉིས་པ་ཡིན་པས་ཉེན་ཁ་དང་འགྲན་སློང་གི་མདུན་དུ་ཞིང་ལས་བརྟན་པོ་ཡོང་བར་བྱེད་པའི་གལ་ཆེའི་རང་བཞིན་མངོན་ཡོད།

འདི་ལོ་ཚུན། ཏོག་གསར་གློ་ཚད་རིམས་ནད་དང་རང་བྱུང་གནོད་འཚེ་ཚབས་ཆེན་གྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་ཏེ་རང་རྒྱལ་གྱིས་རྒྱུན་རྣམ་ལས་བརྒལ་བའི་བྱེད་ཐབས་སྤྱད་དེ་དབྱར་འབྲུའི་ཐོན་འབབ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། སྟོན་འབྲུའི་སྐྱེ་འཚར་སྤྱིའི་ཆ་ནས་ཡག་པོ་ཡོད་པས་ལོ་ཧྲིལ་པོར་ལོ་ལེགས་ཡོང་རེ་ཡོད། ཞིང་ལས་གྲོང་གསེབ་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་ཚོགས་འདུའི་ཐོག་མིག་སྔར་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་མཆེད་བཞིན་ཡོད་པ་དང་། འཛམ་གླིང་གི་འབྲུ་རིགས་ཚོང་དོན་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལ་རྡབ་རྡེག་ཕོག་པས། གོ་ལ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ཀྱི་རྒྱལ་ཁབ་ཆེན་པོ་དང་སྣེ་ཁྲིད་ཀྱི་སྟོབས་ཤུགས་གལ་ཆེན་རྒྱལ་ཁབ་ཉི་ཤུ་ཚོགས་པས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

དེའི་ཐད་ཧན་ཁྲང་ཧྥུའུ་ཡིས་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནི་གོ་ལ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཐུན་མོང་ཐོག་ཆེ་རུ་གཏོང་དགོས་པ་དང་། གཉིས་ནི་གོ་ལ་ཧྲིལ་པོའི་ཞིང་ལས་མ་འཇོག་ཚོང་དོན་མཉམ་ལས་ལ་ཐུན་མོང་ཐོག་ཤུགས་སྣོན་རྒྱག་དགོས་པ། གསུམ་ནི་འབྲུ་རིགས་འཕྲོ་བརླག་གཏོང་ཚད་ཉུང་དུ་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།