《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

ལྷོ་སུའུ་ཏན(ཀྲུའུ་པ)དུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་མཁན་ཀྲུང་གོའི་རྐང་དམག་ཡིང་ཤོག་ཁག་དྲུག་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲག་ཆས་སྲུང་སྐྱོབ་ལས་འགན་10ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ།

གསར་འགོད་པར་ལྷོ་སུའུ་ཏན(ཀྲུའུ་པ)དུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་མཁན་ཀྲུང་གོའི་རྐང་དམག་ཡིང་ཤོག་ཁག་དྲུག་པས་གནས་ཚུལ་ཤེས་རྟོགས་བྱུང་བར། ཉེ་ཆར་རྐང་དམག་ཡིང་ཤོག་དེས་མཉམ་འབྲེལ་རྒྱལ་ཚོགས་ལྷོ་སུའུ་ཏན་གྱི་ཆེད་གཏོང་ཚོགས་པ་དང་ཀྲུའུ་པ་འཐབ་ཁུལ་གྱིས་སྤྲད་པའི་ཀྲུའུ་པ་ནས་མོང་ཀེ་ལ་ས་ཁུལ་བར་གྱི་ཕྱོགས་བསྡུས་དྲག་ཆས་སྲུང་སྐྱོབ་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད། མིག་སྔའི་བར་ལྷོ་སུའུ་ཏན(ཀྲུའུ་པ)དུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་མཁན་ཀྲུང་གོའི་རྐང་དམག་ཡིང་ཤོག་ཁག་དྲུག་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲག་ཆས་སྲུང་སྐྱོབ་ཀྱི་ལས་འགན་10ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།

འདི་ནི་ཉེ་ཆར་ལྷོ་སུའུ་ཏན(ཀྲུའུ་པ)དུ་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་མཁན་ཀྲུང་གོའི་རྐང་དམག་ཡིང་ཤོག་ཁག་དྲུག་པས་ཀྲུའུ་པ་ནས་མོང་ཀེ་ལ་ས་ཁུལ་བར་གྱི་ལས་འགན་སྒྲུབ་པའི་ལམ་བར་དུ་ངལ་གསོ་བཞིན་པ།