《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月14日

ཇ་ལོའི་དྲི་ཞིམ་གང་སར་འཐུལ།

2011ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་གིས་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་རགས་ལས་རྣམ་པའི་ཇའི་ཐོན་ལས་ལ་ཆེད་ལས་ཅན་གྱི་གཡོག་བྱེད་བྱས་པ་དང་། ལོ་དུ་མའི་རིང་གི་ཡར་རྒྱས་གོང་འཕེལ་ལ་བརྟེན་ནས་ཇ་ལོ་འདེབས་ཁྱོན་མུའུ་693ཟིན་པས་ཇ་པ་ཏི་དང་ཇ་ལྗང་སོགས་སྐྱེ་ལྡན་ཇ་ལོར་རྒྱ་ཆེའི་འཛད་སྤྱོད་པས་དགའ་པོ་བྱེད་པ་མ་ཟད། ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་བ་དང་། ཡུལ་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལའང་སྐུལ་ཁྲིད་ཐུབ་ཅིང་། འདི་ནི་མོན་པ་མི་རིགས་ཀྱི་བུ་མོ་ཚོས་ཇ་ལོ་འཐུ་བཞིན་པ།