《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月14日

ཧྲན་ཏུང་གིས་མ་དངུལ་སྒོར་དུང་ཕྱུར་6བཏང་ནས་ཞིང་ནང་དང་མུ་ཁའི་ཞིང་ལས་ཐོན་རྫས་སོས་པ་མཛོད་ཉར་གྱི་སྒྲིག་ཆས་1900བསྐྲུན་པ།

ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ཧྲན་ཏུང་ཞིང་ཆེན་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་ཧྲན་ཏུང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་6གྲབས་གསོག་བྱས་ནས་ཞིང་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པས་ཞིང་ནང་དང་མུ་ཁར་ཞིང་ལས་ཐོན་རྫས་སོས་པ་མཛོད་ཉར་གྱི་སྒྲིག་ཆས་1900བསྐྲུན་ནས་ཞིང་ལས་ཐོན་རྫས་སོས་པ་ཐོན་ཡུལ་གྱི“མཐའ་མའི་འགག་གནད”བཤངས་ཏེ། ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་ཀྱི་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་རེད།

ཧྲན་ཏུང་ཞིང་ཆེན་ནོར་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། དངོས་ཡོད་ས་ཁོངས་ཐད་ཧྲན་ཏུང་ནོར་སྲིད་ཀྱིས་ཞིང་ལས་ཐོན་རྫས་སོས་པའི་ཐོན་ཁུལ་གཙོ་བོ་དང་། ཁ་འགྲེམ་ཁུལ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་བཅས་གཙོ་གནད་དུ་བཟུང་བ་མ་ཟད། ཞིང་ཆེན་ནོར་སྲིད་ཀྱིས་ཐད་ཀར་དོ་དམ་བྱེད་པའི་རྫོང་དང་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དབུལ་སྒྲོལ་ལས་འགན་ཅུང་ཆེ་བའི་རྫོང་20ལ་དམིགས་བསལ་རྒྱབ་སྐྱོར་བྱས་པ་རེད། འཛུགས་སྐྲུན་ནང་དོན་ཐད། ཧྲན་ཏུང་གིས་གྲོན་ཆུང་རྣམ་པའི་རླུང་འགྲོ་མཛོད་ཉར་སྒྲིག་ཆས་དང་། འཕྲུལ་ཆས་ཀྱི་གྲང་མཛོད། རླུང་སྙོམས་མཛོད་ཉར་སོགས་དང་དེ་བཞིན་ཞོར་གཏོགས་སྒྲིག་ཆས་བསྐྲུན་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་རྒྱུ་རེད། བྱེད་པོར་ལག་ལེན་བསྟར་བའི་ཐད། ཧྲན་ཏུང་གིས་རྫོང་རིམ་པ་ཡན་གྱི་དཔེ་སྟོན་ཁྱིམ་ཚང་ཞིང་ར་དང་ཞིང་པའི་དཔེ་སྟོན་མཉམ་ལས་ཁང་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། སྒྲིག་ཆས་བེད་མེད་དུ་མི་འགྱུར་བའི་ཆེད་དུ་ཁྱིམ་ཚང་ཞིང་ར(ཞིང་པའི་ཆེད་ལས་མཉམ་ལས་ཁང)མང་པོས་མཉམ་ལས་བྱས་ནས་བསྐྲུན་ཆོག་གི་ཡོད་པ་རེད།