《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月14日

སི་ཁྲོན་ཞིང་ཆེན་གྱིས་2022ལོའི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་2ཟིན་པར་བྱ་རྩིས་ཡོད་པ།

ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། 《སི་ཁྲོན་ཞིང་ཆེན་གྱིས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་བྱ་སྤྱོད་ཇུས་གཞི(2020—2022ལོ)》བཀྲམ་པའི་ནང་། ལོ་3རིང་འབད་བརྩོན་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་སྒྱུར་འཕེལ་རྒྱས་དང་། གསར་གཏོད་འཕེལ་རྒྱས། མཆོང་སྐྱོད་འཕེལ་རྒྱས་བཅས་ཀྱི་འདེགས་སྐྱོར་གལ་ཆེན་དུ་འགྱུར་བར་བྱ་རྒྱུ་ཡིན། 2022ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་2ཟིན་པ་བྱ་རྒྱུ་དང་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ལས་40%བརྒལ་བ་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།

ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་གྱིས་གྲངས་འཛིན་ཐོན་ལས་ཚབ་མཚོན་དུ་བྱས་པའི་རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་2019ལོར་ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.4ལྷག་ཟིན་ཡོད།

སི་ཁྲོན་ཞིང་ཆེན་གྱིས་ད་རེས་བཀྲམ་པའི་བྱ་སྤྱོད་ཇུས་གཞིའི་ནང་། 2022ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་5Gསྦྲེལ་ཚུགས་ཀྱི་སྤྱི་འབོར་ཁྲི་12ཟིན་རྒྱུ་དང་། སྤྱོད་མུས་ཀྱི་གྲངས་གཞི་ལྟེ་གནས་ཀྱི་འཕྲུལ་སྒམ་གྲངས་འབོར་ཁྲི་10ཟིན་རྒྱུ། སྒྲིག་ཆས་ཀྱི་དྲ་སྦྲེལ་གྲངས་འབོར་ཁྲི་1000ཟིན་རྒྱུ། ཚན་ཚན་ཕྲེང་འབྲེལ་གྱི་ལག་རྩལ་བེད་སྤྱོད་དཔེ་སྟོན་བྱ་ཡུལ་20ཡན་བསྐྲུན་རྒྱུ། འཁོར་ལམ་གཞོགས་འདེགས་ཀྱི་དཔེ་སྟོན་ལམ་ཐིག་3ཡན་གཏོད་རྒྱུ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་སྡོང་ཁྲི་20ཡན་བསྐྲུན་རྒྱུ། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་30དང་ཐོན་ལས་ལག་རྩལ་གྱི་གསར་གཏོད་སྒྲིག་བཀོད་600ཡན་བསྐྲུན་རྒྱུ་ཡིན་ཞེས་བཏོན་ཡོད།