《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月12日

བོད་ཀྱི་རྫོང(ཆུས)རིམ་པའི་སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ་དང་པོ་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་9ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་བོད་ཀྱི་རྫོང(ཆུས)རིམ་པའི་སྒོ་འགྲམ་གྱི་ནང་སའི་བོད་ལྗོངས་འཛིན་གྲྭ་དང་པོ་སྟེ“ནན་ཅིང་འཛིན་གྲྭ”མལ་གྲོ་གུང་དཀར་རྫོང་དུ་སློབ་འགོ་ཚུཌ་པའི་མཛད་སྒོ་འཚོཌ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་2020ལོའི་སྟོན་དུས་ཀྱི“ནན་ཅིང་འཛིན་གྲྭ”དེ་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་དུ་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་བཙུགས་པ་དང་། འཛིན་གྲྭ་རེར་སློབ་མ་45ཙམ་ཡོད། ད་དུང་འཛིན་གྲྭ་རེར་འཛིན་གྲྭའི་ཀྲུའུ་རེན་དང་འཛིན་གྲྭའི་ཀྲུའུ་རེན་གཞོན་པ་རེ་བཀོད་སྒྲིག་བྱས་པ་དང་། དགེ་རྒན་ནི་ནན་ཅིང་བོད་སྐྱོར་དགེ་རྒན་དང་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གི་དགེ་རྒན་རེད་རྒྱ་ཡིག་དང་། ཨང་རྩིས། དབྱིན་ཡིག་སོགས་སློབ་ཚན་ཁྲིད་མཁན་གྱི་བོད་སྐྱོར་དགེ་རྒན་6ལས་གནས་སུ་སླེབས་ཡོད་པ་རེད།

བྱེད་སྒོ་སྤེལ་ཉིན་ད་དུང་སྔོན་ཐོན་མཉམ་སྡེབ་4དང་། ཕུལ་བྱུང་དགེ་རྒན་71 ཕུལ་བྱུང་སློབ་མ་26བཅས་ལ་གཟེངས་བསྟོད་བྱས་པ་མ་ཟད། ད་དུང“སྐལ་བཟང་མེ་ཏོག་བཞད”ཅེས་པའི་དཀའ་ངལ་ཡོད་པའི་དགེ་རྒན་གྱི་རོགས་སྐྱོར་ཐེབས་རྩ་དང“སྐལ་བཟང་མེ་ཏོག་བཞད”ཅེས་པའི་གཅེས་སེམས་བྱ་དགའི་སློབ་ཁྲིད་ཐེབས་རྩའི་དངུལ་ཐེངས་དང་པོ་སྤྲད་པ་རེད།