《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月09日

བོད་ཀྱིས་ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་ཞབས་ཞུའི་སྒྲིག་གཞི་ཐོག་མ་དེ་བཙུཌ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་ཞབས་ཞུའི་སྒྲིག་གཞི་ཐོག་མ་སྟེ།“བོད་ལྗོངས་ཤིང་ཀོང་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལྟེ་གནས”ཀྱི་སྒོ་བྱང་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

“བོད་ཀྱི་སྤྱི་ཚོགས་ལས་དོན་ཞབས་ཞུའི་སྒྲིག་གཞི་ཐོག་མ་དེ་ཡིན་པའི་ངོས་ནས། ང་ཚོར་གཟི་བརྗིད་ཧ་ཅང་ཆེ་ལ་ལས་འགན་ཡང་ཧ་ཅང་ལྕི་བའི་མྱོང་ཚོར་བྱུང”ཞེས་བོད་ལྗོངས་ཤིང་ཀོང་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལྟེ་གནས་ཀྱི་ལས་འཛིན་པ་ལྷག་པ་ཆོས་འཛོམས་ཀྱིས་དེ་ཉིན་ཚོགས་ཆེན་ཐོག་དེ་ལྟར་བརྗོད་པ་དང་། ཁོང་གིས“འབྱུང་འགྱུར། ཏང་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཤུགས་ཆེའི་རོགས་སྐྱོར་འོག ང་ཚོས་རང་ངོས་ཀྱི་ཆེད་ལས་ཀྱི་བྱང་ཚད་དང་རྩལ་ནུས་རྒྱུན་ཆད་མེད་པར་མཐོ་རུ་དང་ཆེ་རུ་བཏང་སྟེ། བོད་ཀྱི་མི་དམངས་ལ་སྤུས་ལེགས་ནུས་ཆེའི་སྤྱི་ཚོགས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།

(པ་ཚེས་བསྒྱུར། པ་བསོད་ཀྱིས་ཞུས)