《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月08日

ཧྲང་ཧའེ་རོལ་དབྱངས་ཚོམས་ཆེན་སླར་ཡང་སྒོ་ཕྱེ་བ།

ཟླ་9ཚེས་6ཉིན་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་རིང་སྒོ་བརྒྱབ་ནས་ཉམས་བཟོ་བྱས་པའི་ཧྲང་ཧའེ་རོལ་དབྱངས་ཚོམས་ཆེན་སླར་ཡང་སྤྱི་དམངས་ལ་སྒོ་མོ་ཕྱེ་བ་མ་ཟད། “མཉམ་འཛོམས”བརྗོད་དོན་གཙོ་བོར་བྱས་པའི་སྒོ་དབྱེའི་ཉིན་མོའི་དམིགས་བསལ་བྱེད་སྒོ་ཡང་སྤེལ་བ་རེད། གདན་ཞུའི་ལྟད་མོ་བ་ཚོས་བྱེད་སྒོ་འགོ་ཚུགས་མ་ཐག་རོལ་དབྱངས་ཚོམས་ཆེན་དུ་བསྐྱོད་དེ་ཉམས་གསོའི་གནས་ཚུལ་ཤེས་རྟོགས་དང་འཛུགས་སྐྲུན་གྱི་ཉམས་འགྱུར་རོལ་མྱོང་བྱས་ཡོད། 1930ལོར་བསྐྲུན་པའི་ཧྲང་ཧའེ་རོལ་དབྱངས་ཚོམས་ཆེན་ནི་ཧྲང་ཧའེ་ཡི་གྲགས་ཅན་གྱི་རིག་གནས་ས་ཁམས་མཚོན་རྟགས་གྲས་ཤིག་རེད། ད་ཐེངས་སྨི་ངོས་གྲུ་2000ལྷག་ཙམ་གྱི“རིག་གནས་ས་ཁོངས”ལ་སྔར་ཡོད་ཇི་བཞིན་ཉམས་བཟོ་བྱས་ནས་དེ་སྔའི་ཉམས་འགྱུར་སླར་གསོ་བྱས་པ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ས་ཁོངས་སུ་སླར་ཡང་ཉམས་གསོ་བྱས་ནས་ནུས་པ་ཆེ་རུ་བཏང་ཡོད། འདི་ནི་ཟླ་9ཚེས་6ཉིན་ཧྲང་ཧའེ་རོལ་དབྱངས་ཚོམས་ཆེན་གྱི་ལས་མི་ལས་གྲུབ་པའི་མཉམ་དཀྲོལ་རོལ་དབྱངས་ཚོགས་པས་ཧྲང་ཧའེ་རོལ་དབྱངས་ཚོམས་ཆེན་བྱང་མར་ཚོམས་ཆེན་སྒོ་འབྱེད་པའི་རོལ་དབྱངས་ཐོག་མ་དེ་དཀྲོལ་བཞིན་པ།