《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月08日

འདི་ལོ་ལེའོ་ཉིང་གིས་སྲིད་འཛིན་གྲོང་ཚོའི་90%ཡན་ལ་འཚོ་བའི་གད་སྙིགས་རིགས་དབྱེ་ལག་བསྟར་བྱེད་མཁན་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཧྲེང་དབྱང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ལེའོ་ཉིང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོ་ལེའོ་ཉིང་ཞིང་ཆེན་གྱི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་སྲིད་འཛིན་གྲོང་ཚོ་90%ཡན་ལ་ཁྱབ་ནས་གད་སྙིགས་ཉུང་གཏོང་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

ལེའོ་ཉིང་ཞིང་ཆེན་གྱི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་2017ལོར་འགོ་ཚུགས་ཡོད། ཕུའུ་ཧྲུན་གྲོང་ཁྱེར་ཤིན་པིན་མན་ཇུ་རིགས་རང་སྐྱོང་རྫོང་གིས་གསར་སྤེལ་བྱས་པའི“རིགས་དབྱེ་བྱེད་ཐབས་ལྔ”ཡིས། “དུད་ཚང་གིས་རིགས་དབྱེ་དང་། དུད་ཚང་གིས་ཐག་གཅོད། སྒོ་རའི་ནང་ཐག་གཅོད། མི་སྦ་བ”བཅས་ཀྱི“ཤིན་པིན་གྱི་བྱེད་ཐབས”གྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་ཉུང་གཏོང་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་སློབ་སྦྱོང་བྱ་ཆོག་པ་དང་། དཔེ་བལྟ་ཆོག་པ། ལད་མོ་བྱ་ཆོག་པ་བཅས་ཀྱི་ཉམས་མྱོང་མཁོ་འདོན་བྱས་པ་རེད།

“རིགས་དབྱེ་བྱེད་ཐབས་ལྔ”ནི་རུལ་སླ་བ་དང་། སྲེག་ཆོག་པ། བཙོང་ཆོག་པ། ཨར་པོའི་གད་སྙིགས། དུག་ཡོད་གནོད་ལྡན་བཅས་ཀྱི་རིགས་ལྔ་ལ་ཟེར་བ་དང་། ཞིང་པ་ཚོས་གད་སྙིགས་རིགས་དབྱེ་ཇི་ལྟར་བྱེད་དགོས་པ་ཤེས་ཀྱི་ཡོད། ལེའོ་ཉིང་ཞིང་ཆེན་གྱིས་ས་གནས་ཁག་གིས་ཤིན་པིན་གྱི“རིགས་དབྱེ་བྱེད་ཐབས་ལྔ”སོགས་སྦྱོང་བདེ་སྤྱོད་བདེ་དང་བཀོལ་སྤྱོད་བདེ་བའི་རིགས་དབྱིའི་བྱེད་ཐབས་ཁྱབ་གདལ་ཧུར་ཐག་གཏོང་བ་དང་འབྲེལ་རིམ་དབྱེ་ཡུག་དབྱེའི་སྒོ་ནས་གསོ་སྦྱོང་བྱས་ཏེ། གྲོང་ཁྱེར་ཁག་གིས་དངོས་པོ་དང་བསམ་པའི་བྱ་དགའ་སྤྲོད་པའི་བྱེད་ཐབས་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ནས་གྲོང་མི་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།