《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月08日

ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་འགྲེམས་ཁུལ་དུ་ལྟ་སྐོར་བ་མང་བ།

↑ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་ཉིན་དང་པོར་མི་ཐེངས་ཁྲི་9.5ཙམ་ལ་སྣེ་ལེན་ཞུས་ཤིང་། འདི་ནི་ཟླ་9ཚེས་5ཉིན། ལྟ་སྐོར་བས་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་ཕྱི་ངོས་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།

↑ཟླ་9ཚེས་5ཉིན། ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་ཐོག་ལྟ་སྐོར་བས་མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས་ལ་ལྟ་བཞིན་པ།

ཉེ་ཆར། 2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། སྐབས་འདིའི་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུ་ནི་རིམས་ནད་ཐོན་ཚུན་རང་རྒྱལ་གྱིས་དྲ་ཕྱིར་གཉེར་བའི་རྒྱལ་སྤྱིའི་ཚོང་དོན་བྱེད་སྒོ་ཆེ་གྲས་ཐོག་མ་དེ་ཡིན་པ་དང་། མངའ་ཁོངས་ཕྱིའི་རྒྱལ་ཁབ་དང་ས་ཁུལ་148ཀྱི་ཁེ་ལས་ཁྲི་1.8ཞུགས་པ་དང་། མི་ཁྲི་10ལྷག་ཙམ་གྱིས་འགྲེམས་ཞུགས་དང་ཚོགས་ཞུགས་ཀྱི་ཐོ་བཀོད་བྱས་པ་རེད། གསར་འགོད་པས་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་འགྲེམས་ཁུལ་དུ་ལྟད་མོ་བ་མང་ལ་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་མཐོང་བྱུང་།

→ འདི་ནི་ཟླ་9ཚེས་6ཉིན། ལྟ་སྐོར་བས་ཞབས་ཞུའི་ཚོང་དོན་ཉོ་ཚོང་ཚོགས་འདུའི་ཕྱི་ངོས་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།