《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཁྲེང་ཏུའུ)རིམ་རྩིས་བརྒྱབ་ན་གཏོང་ཚད་རྒྱལ་ཡོངས་ཀྱི་སྔོན་དུ་ཐེངས་6000ལས་བརྒལ་བ།

ཟླ་8ཚེས་26ཉིན་གྱི་ཕྱི་དྲོ་གློག་རྡུལ་ཐོན་ཟོག་དང་། རྒྱུན་མཁོའི་བརྒྱ་ཟོག སྨན་སྤྱོད་ཁ་རས་སོགས་དངོས་ཟོག་བྱུར་བུར་བླུགས་པའི་མེ་འཁོར་ཞིག་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ནས་ཧོ་ལན་ཏིར་པའོ་རུ་ཐོན་པ་དང་དེ་སྔོན་དང་མི་འདྲ་བ་ནི་ད་ཐེངས་རིམ་རྩིས་བརྒྱབ་ན་མེ་འཁོར་གཏོང་ཐེངས་6000པ་དེ་ཡིན་ལ་རྒྱལ་ཡོངས་ཀྱི་སྔོན་དུ་གཏོང་ཐེངས་6000ལས་བརྒལ་བ་ཞིག་ཀྱང་རེད།