《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

ཨུ་རུ་སུའི་ཕྱི་འབྲེལ་དཔོན་གྱིས་ཨ་རི་དང་ཡོ་རོབ་མནའ་འབྲེལ་ལ་བྷེ་ཨུ་རུ་སུའི་ནང་སྲིད་ལ་ཐེ་ཇུས་བྱེད་མི་རུང་ཞེས་ཐ་ཚིག་བསྒྲགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་ཉིན་ཤས་གོང་གྲོང་ཁྱེར་མོ་སི་ཁོ་རུ་འཚམས་འདྲིར་ཡོང་བའི་ཨ་རིའི་རྒྱལ་དོན་བློན་ཆེན་གཞོན་པ་སི་ཏི་ཧྥིང·པི་ཀེན་དང་ཐུག་འཕྲད་བྱེད་སྐབས། ཨུ་རུ་སུ་ཕྱོགས་ཀྱིས་ཨ་རི་དང་ཡོ་རོབ་མནའ་འབྲེལ་ལ་བྷེ་ཨུ་རུ་སུའི་ནང་སྲིད་ལ་ཐེ་ཇུས་བྱེད་མི་རུང་ཞེས་ཐ་ཚིག་བསྒྲགས་པ་རེད།

ཨུ་རུ་སུ་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་ཉིན་དེར་གསལ་བསྒྲགས་སྤེལ་བའི་ནང་། ཨུ་རུ་སུ་ཕྱོགས་ཀྱིས་བྷེ་ཨུ་རུ་སུར་བཀག་སྡོམ་བྱེད་པའམ་ཡང་ན་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་དེ་བྷེ་ཨུ་རུ་སུའི་རྒྱལ་ནང་དུ་ཕན་ཚུན་བརྩི་འཇོག་བྱེད་པའི་སྐད་ཆ་ཤོད་རེས་ཀྱི་སྒྲིག་སྲོལ་འཛུགས་པའི་འཕེལ་རིམ་གཏོར་བཤིག་གཏོང་མི་ཆོག་ཅེས་ནན་བཤད་བྱས་ཡོད་པ་དང་། ཨུ་རུ་སུས་ཨ་རི་དང་ཡོ་རོབ་མནའ་འབྲེལ་ལ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་རྒྱུའི་ཡོངས་བསྒྲགས་འབོད་སྐུལ་བྱེད་པ་ཚུད་པའི་རྣམ་པ་གང་རུང་གི་ཐོག་ནས་བྷེ་ཨུ་རུ་སུའི་ནང་སྲིད་ལ་ཐེ་ཇུས་བྱེད་མི་རུང་ཞེས་ཐ་ཚིག་བསྒྲགས་པ་འཁོད་ཡོད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)