《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月28日

ཀྲུང་གོས་འབྱུང་འགྱུར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་གསལ་བའི་བཀོད་པར་ཡིད་ཆེས་ཆེན་པོ་བྱེད་པ།

—— དབྱིན་ཇིའི་ས་ལི་སློབ་ཆེན་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞུང་ཡུས་ལ་བཅར་འདྲི་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུན་ཞའོ་ལིང་།

“བསམ་གཞིག་གཟབ་ནན་དང་། བཀོད་པ་རྒྱ་ཆེ་བ། མིག་རྒྱང་རིང་བ་བཅས་ནི་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣའི་སེམས་རྣལ་རིལ་བུ་ཞིག་རེད”ཚེས་25ཉིན། དབྱིན་ཇིའི་ས་ལི་སློབ་ཆེན་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཞུང་ཡུས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་འགོ་ཁྲིད་པས་ཉེ་ཆར་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་གདེང་འཇོག་དེ་ལྟར་བྱས་པ་རེད།

ཞུང་ཡུས་ཀྱིས་ད་རེས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་ནས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་འོག་ཀྲུང་གོས་མིག་སྔའི་དུས་བབ་གནད་ལ་འཁེལ་ཞིང་གཟབ་ནན་ངང་ཁོང་དུ་ཆུད་པར་བྱས་པ་མ་ཟད། འབྱུང་འགྱུར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་པའང་ཁ་གསལ་ཡོད་པ་དེས་ལས་རིགས་ཁག་གིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

བཞུགས་མོལ་ཚོགས་འདུའི་ཐོག་བཏོན་པའི་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱིས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གླེང་སྐབས། ཞུང་ཡུས་ཀྱིས་ཀྲུང་གོའི་དཔལ་འབྱོར་རང་མོས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དེ་ནི་རྒྱལ་ཁབ་གཞན་དག་དང་འདྲ་མཉམ་མཉམ་ལས་ཀྱི་འབྲེལ་བ་འཛུགས་ཐུབ་པའི་ཆ་རྐྱེན་གལ་ཆེན་ཞིག་རེད་ལ། འཁོར་སྐྱོད་གཉིས་འཕེལ་རྒྱས་གཏོང་བའི་གཞི་འཛིན་ས་ཞིག་ཀྱང་རེད་ཅེས་བརྗོད།

ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བ་བྱ་རྒྱུའི་སྐོར་ལ་ཞུང་ཡུས་ཀྱིས། “ཚན་རྩལ་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་དང་དེ་བཞིན་ལག་རྩལ་གསར་གཏོད་ཁྲོད་ཀྱི་ཁེ་ལས་ཀྱི་བྱེད་པོའི་ནུས་པ་ནི་ཀྲུང་གོའི་ཁེ་ལས་མཁས་ཅན་ལ་སྐུལ་མ་ཐེབས་པ་ཞིག་ཡིན་པ་དང་། མཐོ་གསར་ཚན་རྩལ་ཁེ་ལས་དེ་བས་མང་བ་ཞིག་འཕེལ་རྒྱས་གཏོང་དགོས་པ་མ་ཟད། ཚན་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད”ཅེས་བརྗོད།

རྒྱལ་སྤྱིའི་མཉམ་ལས་སྐོར་གླེང་སྐབས། ཞུང་ཡུས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ནི་འཁོར་སྐྱོད་གཉིས་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཀྲུང་གོས“ནང་ནུས”ཞུན་བརྡར་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཡིད་ཆེས་ཆེན་པོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་བཞིན་ཡོད་པ་དེ་ནི་རྒྱལ་སྤྱིའི་རང་མོས་ཉོ་ཚོང་གི་ཆེས་བློ་བརྟན་འགྱུར་མེད་དང་ཆེས་ནུས་ལྡན་གྱི་སྲུང་སྐྱོང་པའི་གྲས་སུ་གྱུར་བ་བྱས་ཡོད་ཅེས་བརྗོད།

ཞུང་ཡུས་ཀྱིས་རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་ཞིབ་འཇུག་བྱ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་ལམ་འཁེལ་རླངས་འཁོར་ནང་སྡོད་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་བརྗོད།