《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

མཚོ་སྔོན་གྱི་ལིས་གློག་ཐོན་ནུས་རིམ་གྱིས་སླར་གསོ་བྱུང་བ།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་ཡོད་པའི་མཚོ་སྔོན་པི་ཡ་ཏི་སྒུལ་ཤུགས་གློག་རྫས་བཟོ་གྲྭར་བྲེལ་ཚུབ་ཀྱིས་ཁེངས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐུབ་པ་དང་བསྟུན་ནས། མཚོ་སྔོན་པི་ཡ་ཏི་ལིས་གློག་རྫས་ཚད་ཡོད་ཀུང་སིའི་ལིས་གློག་རྫས་ཀྱི་ཐོན་ནུས་རིམ་གྱིས་སླར་གསོ་བྱུང་ཡོད།

ཉེ་བའི་ལོའི་ནང་། ཐོན་ཁུངས་དང་། གནམ་གཤིས། ནུས་རྒྱུ་སོགས་ཀྱི་ལེགས་ཆར་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་ལིས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་བས། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་རྩད་ཆོད་ཐུབ་པའི་ལིས་ཐོན་ཁུངས་བསྡུས་ཚད་ཀྱིས་རྒྱལ་ཡོངས་གསོག་ཚད་ཀྱི་70%ཡན་བཟུང་ཡོད།

འདི་ནི་ཟླ་7ཚེས་28ཉིན་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་གི་མཚོ་སྔོན་པི་ཡ་ཏི་སྒུལ་ཤུགས་གློག་རྫས་བཟོ་གྲྭའི་འཁོར་ཁང་དུ་ལས་བཟོས་ལས་ཀ་བྱེད་བཞིན་པ།