《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

བོད་ལྗོངས་ཉིང་ཁྲིས“སྒོ་རྩར”འབྲི་ཏ་ས་འཛིན་བཏབ་ནས་འབབ་འཕར་ཡོང་བར་བྱས་པ།

2017ལོ་ནས་བཟུང་། ཀྲུང་གོ་ལྡུམ་རྭའི་ལག་རྩལ་སློབ་ཚོགས་དང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་སློབ་གླིང་གི་རྒྱབ་སྐྱོར་འོག བོད་ལྗོངས་ཉིང་ཁྲི་བྲག་ཡིབ་གྲོང་རྡལ་རྡོ་ཕུར་གྲོང་ཚོས་མུའུ་300ཟིན་པའི་འབྲི་ཏ་ས་འཛིན་སྔོན་པོའི་རྟེན་གཞི་བསྐྲུན་པ་མ་ཟད། ད་དུང་སྲིད་གཞུང་དང་ཀུང་སི་དང་གྲོང་ཚོ་མཉམ་སྡེབ་བཅས་ཟུང་འབྲེལ་གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་པས། དུད་ཚང་50ལྷག་གིས་ས་ཞིང་རྐང་མར་འཇོག་པ་དང་། ཕན་འབྲས་བགོ་བཤའ་རྒྱག་པ། “སྒོ་རྩར”ལས་ཞུགས་ཐུབ་པ་སོགས་ལས་འབབ་འཕར་བྱུང་ཞིང་། འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་གྲོང་རྡལ་རྡོ་ཕུར་གྲོང་ཚོས་འབྲི་ཏ་ས་འཛིན་སྔོན་པོའི་རྟེན་གཞིར་གྲོང་མི་ལྷ་མོ(གཡོན)དང་དབྱངས་ཅན་གྱིས་བཏོག་མ་ཐག་པའི་འབྲི་ཏ་ས་འཛིན་ཐུམ་སྒྲིལ་རྒྱག་པའི་གནས་ཚུལ་ཡིན་པ།