《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

སིང་ཀ་ཕོར་གྱིས་ཤིན་སྒོར་ཁྲི་4500བཏང་ནས་རྒྱལ་ནང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་། སིང་ཀ་ཕོར་གྱི་ཡུལ་སྐོར་ཅུས་དང་། སིང་ཀ་ཕོར་གྱི་ཁེ་ལས་འཕེལ་རྒྱས་ཅུས། ས་གནས་དེ་གའི་ཡུལ་སྐོར་གསར་སྤེལ་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་དོན། ཤིན་སྒོར་ཁྲི་4500(ཨ་སྒོར་ཁྲི་3248ཙམ་དང་མཚུངས)བཏང་ནས“སིང་ཀ་ཕོར་བསྐྱར་དུ་འཚོལ་ཞིབ་བྱེད་པའི”བྱེད་སྒོ་སྤེལ་རྒྱུ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཡུལ་སྐོར་ལས་རིགས་ལ་རྡབ་རྡེག་བཏང་བར་ཁ་གཏད་གཅོག་རྒྱུ་རེད། སིང་ཀ་ཕོར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཁྲེན་ཅན་ལུང་གིས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། སིང་ཀ་ཕོར་གྱི་དམངས་ཚོགས་ལ་ལྟ་ཚུལ་གསར་པ་ཞིག་ཐོབ་པ་བྱ་རྒྱུ་སྟེ། རྒྱལ་ནང་དུ་སྤྲོ་གསེང་ལ་ཕྱིན་ནས་འཛད་སྤྱོད་བྱས་ཏེ་ས་གནས་དེ་གའི་ཁེ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན་ཞེས་བརྗོད།

ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་7ཚེས་21ཉིན་བར། སིང་ཀ་ཕོར་གྱི་མགྲོན་ཁང་80ཙམ་སླར་ཡང་སྒོ་མོ་འབྱེད་རྒྱུའི་ཆོག་མཆན་ཐོབ་ཅིང་། སིང་ཀ་ཕོར་གྱི་མགྲོན་ཁང་དུ་ཁྱོན་ཁང་མིག་ཁྲི་6.7ཙམ་ཡོད་པ་དང་མིག་སྔར་ཕྱེད་ཀ་ལྷག་ཙམ་གྱིས་རིམས་ནད་ལ་ཁ་གཏད་གཅོག་བཞིན་ཡོད་པ་རེད།