《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月30日

ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་དགུ་པའི་རྗེས་གྲབས་རུ་ཤོག་དང་པོ་རྡོག་ཐོན་བྱས་པ།

⇑ ཟླ་7ཚེས་28ཉིན། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་དགུ་པའི་རྗེས་གྲབས་རུ་ཤོག་དང་པོའི་དཔོན་དམག་ཚོས་ཐོན་ཁར་གུས་འདུད་ཞུ་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ལི་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་དགུ་པའི་རྗེས་གྲབས་རུ་ཤོག་དང་པོའི་དཔོན་དམག་205རྡོག་ཐོན་བྱས་ཤིང་། ཚེས་28ཉིན་གྱི་སྔ་དྲོ་ཁུན་མིང་ཁྲང་ཧྲུའེ་རྒྱལ་སྤྱིའི་གནམ་ཐང་ནས་ལེ་པ་ནོན་གྱི་ལས་འགན་ཁུལ་དུ་འཕུར་རྒྱུ་དང་། ལེ་པ་ནོན་དུ་ལས་འགན་སྒྲུབ་བཞིན་པའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅོ་བརྒྱད་པའི་ལས་འགན་རྩིས་ལེན་ནས་ལོ་གཅིག་རིང་གི་ཞི་བདེ་སྲུང་སྐྱོང་གི་ལས་འགན་འཁུར་རྒྱུ་རེད།

ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་དགུ་པར་ཁྱོན་མི་410ཡོད་ཅིང་། དེ་དག་ནི་དཔོན་དམག་180ལས་གྲུབ་པའི་ནུས་མང་བཟོ་དམག་ཡན་ལག་རུ་ཁག་གཅིག་དང་། མི་200ལས་གྲུབ་པའི་བཟོ་སྐྲུན་དམག་མིའི་ཡན་ལག་རུ་ཁག་གཅིག མི་30ལས་གྲུབ་པའི་སྨན་བཅོས་ཡན་ལག་རུ་ཁག་གཅིག་བཅས་རེད། དཔུང་སྡེ་དེ་ནི་སྐམ་དམག་གི་འབུམ་ཤོག་ཆེ་མོ་75པའི་ལུའེ་ཤོག་ཅིག་དང་། འབུམ་ཤོག་ཆེ་མོ་74པའི་ལུའེ་ཤོག་ཅིག ཀུའེ་ལིན་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལྟེ་གནས་ཀྱི་ཁོངས་སུ་གཏོགས་པའི་སྨན་ཁང་བཅས་གཙོ་བོར་བྱས་ནས་བཙུགས་པ་ཞིག་ཡིན་པ་དེས། མི་ཆོས་རིང་ལུགས་ཀྱི་ས་འོག་འབར་མདེལ་མེད་པ་བཟོ་བ་དང་། ཨར་ལས་བཟོ་སྐྲུན། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སོགས་ཀྱི་ལས་འགན་བསྒྲུབ་རྒྱུ་རེད།

“ད་རེས་ཀྱི་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཧུར་ཐག་ལེགས་སྒྲུབ་བྱ་ཆེད། ང་ཚོས་ས་འོག་འབར་མདེལ་མེད་པ་བཟོ་བའི་འོས་བབ་ཀྱི་ར་སྤྲོད་དཔང་རྟགས་དང་། ཨར་ལས་བཟོ་སྐྲུན། འཕྲལ་སྡོམ་འགོག་སྲུང་། རྨས་སྐྱོན་སྐྱོབ་བཅོས་སོགས་ཀྱི་ནང་དོན་ལ་བཀག་སྡོམ་རྣམ་པའི་མཉམ་སྡེབ་སྦྱོང་བརྡར་བྱས་པ་དང་། ལེ་པ་ནོན་གྱི་བཅའ་ཁྲིམས་དང་། ཡུལ་སྲོལ། གུས་ལུགས་སོགས་ལ་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་པ་མ་ཟད། དབྱིན་སྐད་སློབ་སྦྱོང་ཡང་བྱས་པ་ཡིན”ཞེས་ལེ་པ་ནོན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་དགུ་པའི་བཀོད་འདོམས་པ་ཏུའུ་ཅ་ཡིས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་དགུ་པའི་རྗེས་གྲབས་རུ་ཤོག་དང་པོའི་དཔོན་དམག་ལེ་པ་ནོན་དུ་འབྱོར་ནས་ཉིན་14ལོགས་འཇོག་བྱས་རྗེས་ཞི་བདེ་སྲུང་སྐྱོང་དཔུང་སྡེ་བཅོ་བརྒྱད་པའི་དཔོན་དམག་དང་ལས་འགན་རྩིས་སྤྲོད་རྩིས་ལེན་བྱས་ནས་དངོས་སུ་ལས་འགན་བསྒྲུབ་རྒྱུ་དང་། དཔུང་སྡེ་ཁག་བཅོ་བརྒྱད་པའི་རྗེས་གྲབས་རུ་ཤོག་དང་པོ་རྒྱལ་ནང་དུ་ལོག་རྗེས། ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་མ་ཟད། ལོགས་འཇོག་ཀྱང་བྱེད་རྒྱུ་རེད། འཆར་གཞི་ལྟར་ན། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཅུ་དགུ་པའི་རྗེས་གྲབས་རུ་ཤོག་གཉིས་པའི་དཔོན་དམག་205ཟླ་8ཚེས་18ཉིན་རྡོག་ཐོན་བྱེད་རྒྱུ་རེད།