《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

སིང་ཀ་ཕོར་གྱིས་ནང་བློན་ཁང་གསར་པའི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ལི་ཞན་ལུང་གིས་མུ་མཐུད་ཙུང་ལིའི་འགན་ཁུར་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སིང་ཀ་ཕོར་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། སིང་ཀ་ཕོར་གྱི་ཙུང་ལི་ལི་ཞན་ལུང་གིས་སྐབས་གསར་པའི་ནང་བློན་ཁང་གིས་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཁོང་གིས་མུ་མཐུད་ཙུང་ལིའི་འགན་འཁུར་རྒྱུ་དང་། ཝང་རུའེ་ཅེ་ཡིས་ཙུང་ལི་གཞོན་པ་དང་དཔལ་འབྱོར་སྲིད་ཇུས་སྤྱི་འདོམས་པུའུ་ཀྲང་དང་ནོར་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་ངང་འཁུར་རྒྱུ་ཡིན་པ་རེད།

དེ་ཉིན་ལི་ཞན་ལུང་གིས་བརྙན་ལམ་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ནང་བློན་ཁང་གི་ཁོངས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་དོན་སྲིད་སྐྱོང་ལས་རོགས་ཀྲང་ཀྲེ་ཤན་དང་ཧྲང་ཏ་མན་གཉིས་ཀྱིས་ཁག་སོ་སོར་རྒྱལ་ཁབ་བདེ་འཇཌ་སྤྱི་འདོམས་པུའུ་ཀྲང་དང་སྤྱི་ཚོགས་སྲིད་ཇུས་སྤྱི་འདོམས་པུའུ་ཀྲང་གི་འགན་མུ་མཐུད་འཁུར་རྒྱུ་རེད། ནང་བློན་ཁང་ནང་པུའུ་ཀྲང་གསར་པ་6ཡོད་པ་དང་། ཕྱི་འབྲེལ་པུའུ་དང་། རྒྱལ་སྲུང་པུའུ། ནང་སྲིད་པུའུ། ཚོང་དོན་བཟོ་ལས་པུའུ། མི་ཤུཌ་པུའུ། འཕྲོད་བསྟེན་པུའུ་སོཌ་གལ་ཆེའི་ནང་བློན་པུའུ་ཀྲང་ལ་འགྱུར་ལྡོག་བྱུང་མེད་པ་རེད།