《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

རྒྱལ་ཁབ་མང་པོའི་རིགས་གཅིག་མཁས་ཅན་གྱིས་ཨ་རིས་ཀྲུང་གོར་དམིགས་པའི“འཇམ་འཐབ་གསར་པར”ངོ་རྒོལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། “འཇམ་འཐབ་གསར་པར་ངོ་རྒོལ”གྱི་རྒྱལ་སྤྱིའི་ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཚོགས་ཞུགས་རྒྱལ་ཁབ་མང་པོ་ཞིག་གི་རིགས་གཅིག་མཁས་ཅན་གྱིས་ཨ་རི་སྲིད་གཞུང་གིས་ཀྲུང་གོར་དམིགས་ནས་སྤེལ་བའི་གཏམ་སྤྱོད་ཛ་དྲག་ཏུ་འགྲོ་གི་འདུག ཀྲུང་གོར་དམིགས་པའི“འཇམ་འཐབ་གསར་པ”གང་ཞིག་ཡིན་རུང་འཛམ་གླིང་ཞི་བདེར་གནོད་པ་དང་མིའི་རིགས་ཀྱི་ཐུན་མོང་ཁེ་དབང་དང་མཐུན་གྱི་མེད་ཅེས་བརྗོད་པ་རེད།

ཚོགས་འདུ་སྒྲིག་འཛུགས་བྱེད་མཁན་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཨ་རི་དང་། ཀྲུང་གོ དབྱིན་ཇི། ཨུ་རུ་སུ། རྒྱ་གར། ཁ་ན་ཏ་སོགས་རྒྱལ་ཁབ་49ཡི་མི་སྣས་འབྱོར་ཐོ་བཀོད་ནས་ཚོགས་འདུར་ཞུགས་པ་དང་མི་700ཙམ་གྱིས་ཚོགས་འདུའི་ཐད་གཏོང་ལ་བལྟས་པ་རེད། ཚོགས་འདུའི་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཨ་རིར་འཇམ་འཐབ་ཀྱི་བསམ་བློ་དང་འཛམ་གླིང་ཞི་བདེར་གནོད་པའི་བྱེད་སྟངས་གཞན་དོར་ཏེ། ཀྲུང་ཨའི་དབར་སྐད་ཆ་ཤོད་རེས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ལ་ཐུན་མོང་ཐོག་འགོག་རྒོལ་བྱ་རྒྱུ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ། དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་མཉམ་ལས་བྱེད་དགོས་ཞེས་འབོད་སྐུལ་བྱས་ཡོད།

དབྱིན་ཇིའི་ཀྲུང་དབྱང་ལེན་ཁའེ་ཞ་སློབ་ཆེན་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཀྲེན་ཉི·ཁེ་ལའེ་ཀེ་ཡིས་གཏམ་བཤད་སྤེལ་རིང་། ཀྲུང་ཨའི་འབྲེལ་བ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེན་ཞིག་རེད། གལ་ཏེ་ཀྲུང་ཨའི་འབྲེལ་བ་སྡུག་ཏུ་སོང་ན་འཛམ་གླིང་གི་ཞི་བདེར་འཇིགས་སྐུལ་ཧ་ཅང་ཆེན་པོ་ཡོང་རྒྱུ་རེད་ཅེས་བརྗོད་པ་རེད།

ཨ་རིའི་འཁྲུག་རྒོལ་རྩ་འཛུགས“ཚབ་ཨང་ཟིང་སྐྱའི”མཉམ་འབྲེལ་སྲོལ་གཏོད་པ་མེ་ཏི་ཡ·པེན་ཅི་མིང་གིས་ཨ་རིའི་དམག་དོན་རྟེན་གཞི་འཛམ་གླིང་ཡོངས་ལ་ཁྱབ་རུང་། ཀྲུང་གོའི་ཕར་རྒོལ་རང་བཞིན་ཟམ་མི་ཆད་པར་ཆེ་རུ་འགྲོ་གི་འདུག་ཅེས་བརྗོད་ཀྱི་ཡོད། ཨ་རིའི་འགོ་ཁྲིད་པས་ཀྲུང་གོར་འཛིན་པའི་རྣམ་འགྱུར་དེ་སེམས་ཁྲལ་སྐྱེ་དགོས་པ་ཞིག་འདུག “ཨ་རིས་ཀྲུང་གོ་ནི་དགྲ་བོ་མིན་པ་དང་རྒྱལ་ཁབ་གཉིས་པོས་ཕན་ཚུན་མཉམ་ལས་བྱེད་དགོས་པ་གསལ་པོ་ཤེས་དགོས”ཅེས་བརྗོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསོད་བདེ་གཞོན་པས་ཞུས)