《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月28日

དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི་གྲོས་མོལ་ལ་འཕེལ་ རིམ་མངོན་གསལ་དོད་པོ་ཐོན་མེད་པ།

ཚེས་23ཉིན། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་དབར་གྱི་རེས་སྐོར་གསར་པའི་འབྱུང་འགྱུར་འབྲེལ་བའི་ཐད་ཀྱི་གྲོས་མོལ་མཇུག་འགྲིལ་མོད། འོན་ཀྱང་དམིགས་བསལ་གྱི་འཕེལ་རིམ་གང་ཡང་ཐོན་མེད། ཡོ་རོབ་མནའ་འབྲེལ་གྱི་དབྱིན་ཇི་དང་གྲོས་མོལ་གྱི་འགན་འཁུར་མཁན་དབུ་བཞུགས་འཐུས་མི་སྨི་ཞེར·པཱ་ཉི་ཡེས་དབྱིན་ཇིའི་ཉ་ལས་དང་འབྱུང་འགྱུར་འགྲན་རྩོད་སྒྲིག་སྲོལ་ཐད་ཀྱི་ལངས་ཕྱོགས་ལ་བསམ་གཞིག་བྱས་ན། ཕྱོགས་གཉིས་དབར་མིག་སྔར་གྲོས་མཐུན་ཡོང་མི་སྲིད་ཅེས་བརྗོད། དབྱིན་ཇིའི་དབུ་བཞུགས་གྲོས་མོལ་འཐུས་མི་ཏའེ་ཝེ·ཕུའུ་ལོ་སི་ཐེས་ཀྱང་ཕྱོགས་གཉིས་དབར་ཁྱབ་ཁོངས་དེ་དག་ཐད་དངོས་འབྲེལ“ཕྱོགས་འགལ་ཆེན་པོ་ལྡན་ཡོད་པའི”ཁས་ལེན་བྱས་ཡོད།

འདི་ནི་དབྱིན་ཇིའི་གྲོང་ཁྱེར་ལོན་ཏོན་དུ་ཡོ་རོབ་མནའ་འབྲེལ་གྱི་དབྱིན་ཇི་དང་གྲོས་མོལ་གྱི་འགན་འཁུར་མཁན་དབུ་བཞུགས་འཐུས་མི་སྨི་ཞེར·པཱ་ཉི་ཡེས་ཁ་རས་བརྒྱབ་ནས་སྐྱོད་བཞིན་པ།