《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

ཁོར་ཡུག་གཙང་མ་བཟོས་ནས་རིམས་འགོག་ལས་ལ་གཞོལ།

ཉེ་ཆར་པེ་ཅིང་གྲོང་ཁྱེར་ཧྥུང་ཐའེ་ཆུས་ཏུང་ཀའོ་ཏི་ཁྲོམ་གཞུང་གི་སྡེ་ཁུལ་ཁག་གིས་གྲོང་མི་དང་། སྡེ་ཁུལ་ལས་བྱེད་པ། ཏང་ཡོན་དང་བླངས་པ་བཅས་སྒྲིག་འཛུགས་བྱས་ནས“སྡེ་ཁུལ་ཁོར་ཡུག་གཙང་མ་བཟོས་ནས་རིམས་འགོག་ལས་ལ་གཞོལ་བའི”སྡེ་ཁུལ་ཁོར་ཡུག་གཙང་བཟོའི་བྱེད་སྒོ་སྤེལ་ཏེ། སྡེ་ཁུལ་ནང་ཁུལ་གྱི་ཐོག་ཁང་བར་ཁྱམས་དང་། སྒོ་ཁ། གད་སྙིགས་བླུག་སྣོད། སྤྱི་པའི་བྱེད་སྒོ་ཁང་བཅས་ལ་གཙང་སྦྲ་བྱས་པ་རེད། འདི་ནི་ལས་གནས་ཐོག་ཡོད་མུས་ཀྱི་ཏུང་ཀའོ་ཏི་ཁྲོམ་གཞུང་གི་ཏང་ཡོན་དང་བླངས་པས་སྡེ་ཁུལ་ནང་ཁུལ་གྱི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དུ་དུག་སེལ་བྱེད་བཞིན་པ།