《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་བསྡོམས་འབོར་ཟླ་4བསྟུད་མར་ཆག་ཚད་ཉུང་དུ་ཕྱིན་པ།

འཛད་སྤྱོད་བྱེད་ཚད་སྤྱིར་ན་སླར་གསོ་ཡོང་བའི་རྣམ་པ་རྒྱུན་མཐུད་བྱུང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚོང་དོན་པུའུ་འཛད་སྤྱོད་སྐུལ་འདེད་སིའི་འགན་འཁུར་བས་ཚེས་21ཉིན་ངོ་སྤྲོད་བྱས་དོན། ཟླ་6པར་རྒྱལ་ཡོངས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.35ཟིན་ཏེ་དུས་མཚུངས་ལས་1.8%ཆག་པ་དང་། ཟླ་4བསྟུད་མར་ཆག་སྟེ་རིམ་རྩིས་བྱས་ན་ཆག་ཚད་བརྒྱ་ཆའི་གྲངས་18.7ཟིན་ཡོད། ཟླ་དང་པོ་ནས་དྲུག་པ་བར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་17.23ཟིན་ཏེ་དུས་མཚུངས་ལས་11.4%ཆག་ནས་ཆག་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་7.6ཉུང་དུ་ཕྱིན་ཡོད།

ཚོང་ཟོག་བྲིན་ཚོང་བྱེད་ཚད་རིམ་བཞིན་མང་དུ་ཕྱིན་ཞིང་། ཟླ་6པར་ཚོང་ཟོག་སིལ་ཚོང་བསྡོམས་འབོར་སྤྱིར་ན་ན་ནིང་དུས་མཚུངས་ཀྱི་སྒོར་དུང་ཕྱུར་ཁྲི་3གྱི་ཚད་གཞིར་སླར་གསོ་བྱུང་ཡོད། དེའི་ཁྲོད་འཚོ་བའི་མཁོ་ཆས་འཛད་སྤྱོད་བྱེད་ཚད་འཕར་ཅུང་མགྱོགས་པ་དང་། འབྲུ་སྣུམ་དང་། ཉིན་རེའི་མཁོ་ཆས། སྨན་རྫས་བཅས་བྲིན་ཚོང་བྱེད་ཚད་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་10.5%དང་། 16.9% 9.7%འཕར་ཡོད།

ཞབས་ཞུའི་འཛད་སྤྱོད་མུ་མཐུད་སླར་གསོ་བྱུང་ཞིང་། ཟླ་6པར་བཟའ་བཏུང་གི་ཡོང་འབབ་དུས་མཚུངས་ལས་15.2%ཆག་པ་དང་། ཆག་ཚད་ཟླ་5པ་ལས་བརྒྱ་ཆའི་གྲངས་3.7ཉུང་དུ་ཕྱིན་ཡོད། རྒྱལ་ཡོངས་མྱུར་སྐྱེལ་ཞབས་ཞུའི་ཁེ་ལས་ཀྱི་ལས་སྒོའི་ལས་འབོར་ཐུམ་སྒྲིལ་དུང་ཕྱུར་74.7དང་ཡོང་འབབ་སྒོར་དུང་ཕྱུར་797ཟིན་ཏེ་ཁག་སོ་སོ་དུས་མཚུངས་ལས་36.8%དང་23.9%འཕར་ཡོད།