《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

རང་རྒྱལ་གྱིས་ཐོན་ཁུངས་རྟགས་ཅན་ཨང་གསུམ་པའི་སྲུང་སྐར་03པ་བདེ་བླག་ངང་འཕེན་གཏོང་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་དང་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱས་པར། 2020ལོའི་ཟླ་7ཚེས་25ཉིན་གྱི་ཆུ་ཚོད་11དང་སྐར་མ་13ལ་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་བཞི་པའི་རྒྱང་ཚོར་ཁ་པའི་སྐྱེལ་འདྲེན་འཕུར་མདའ་ཞེ་ལྔ་པ་སྤྱད་དེ་ཐོན་ཁུངས་རྟགས་ཅན་ཨང་གསུམ་པའི་སྲུང་སྐར་03པ་བར་སྣང་དུ་འཕེན་གཏོང་བྱས་པ་དང་སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་ངང་འབྱོར་ཏེ་ལས་འགན་ཕུན་སུམ་ཚོགས་པོའི་ངང་བསྒྲུབས་པ་རེད། ད་ཐེངས་སྲུང་སྐར་འཕེན་གཏོང་དེ་རྒྱང་སྐྱོད་རིམ་སྤེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་ཐེངས་341དེ་ཡིན་པ་རེད། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་བཞི་པ་ཁ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཐོན་ཁུངས་རྟགས་ཅན་གསུམ་པའི་སྲུང་སྐར་03པ་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བསྐྱལ་ནས་འཕེན་གཏོང་བདེ་བླག་བྱུང་བ།