《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

ཆུ་རགས་ཐོག་གི“དམིགས་བསལ་སྐྱེས་སྐར”

ཀྲའོ་ཁྲུན་ཧོང་ནི་བཅིངས་འགྲོལ་དམག་སྐམ་དམག་ལིང་ཕུན་ལུའེ་ཤོག་ཅིག་གི་འཐབ་འཛིང་པ་ཞིག་རེད། ཟླ་7ཚེས་23ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར་ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་ཧོ་རྫོང་ཨུ་ཅང་གྲོང་རྡལ་ཧྲེ་པ་གཙང་པོ་དུམ་བུའི་ཆུ་རགས་སྨི་20ལྷག་ཙམ་ཉིལ་ཡོད། ཉེན་ཁ་མྱུར་སེལ་བྱེད་དགོས་པའི་བཀའ་རྒྱ་འབྱོར་རྗེས་དཔོན་དམག་70ལྷག་ཙམ་གྱིས་འཐབ་ས་དང་པོར་འཕྲལ་མ་ཉིད་དུ་ཉེན་ཁ་མྱུར་སེལ་བྱེད་པར་བསྐྱོད་པའི་གྲས་སུ་ཀྲའོ་ཁྲུན་ཧོང་ཡང་ཡོད་པ་རེད།

མིག་མདུན་གྱི་དམིགས་བསལ“སྐྱེས་སྐར་སྒོ་ངའི་བག་ལེབ”དེ་མཐོང་སྐབས་ཀྲའོ་ཁྲུན་ཧོང་སེམས་འགུལ་ཆེན་པོ་ཐེབས་ཤིང་། དུས་དེར་འཐབ་གྲོགས་ཚོས་སྒོར་སྒོར་བྱས་ནས་བསྡད་པ་དང་ཁོང་གིས་དམིགས་བསལ“སྒོ་ངའི་བག་ལེབ”ལ་ལྟ་བཞིན་སྨོན་ལམ་བཏབ་པ་དང་འབྲེལ་ལྕགས་ཁྱེམ་གྱིས“སྒོ་ངའི་བག་ལེབ”དུམ་བུར་བཏང་ནས་འཐབ་གྲོགས་ཚོར་བགོས་ཏེ་བདེ་སྐྱིད་མཉམ་རོལ་བྱས་པ་རེད།

འདི་ནི་ཚེས་23ཉིན་གྱི་དགོང་མོ་ཨན་ཧུའེ་ཞིང་ཆེན་མ་ཨན་ཧྲན་གྲོང་ཁྱེར་ཧོ་རྫོང་ཨུ་ཅང་གྲོང་རྡལ་ཧྲེ་པ་གཙང་པོའི་ཆུ་རགས་ཐོག་བཅིངས་འགྲོལ་དམག་སྐམ་དམག་ལིང་ཕུན་ལུའེ་ཤོག་ཅིག་གི་འཐབ་འཛིང་པས་འཐབ་གྲོགས་ཀྲའོ་ཁྲུན་ཧོང་ལོ་22ལ་སླེབས་པར་རྟེན་འབྲེལ་ཞུ་བའི“སྐྱེས་སྐར་གྱི་སྒོ་ངའི་བག་ལེབ”བཟོ་བཞིན་པ།