《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月22日

ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱིས་འཕྲོད་བསྟེན་ཁོངས་གཏོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཏོག་གསར་རིམས་ནད་ཐུན་མོང་ཐོག་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ཡིན་པ།

ཚེས་17ཉིན། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་རྒྱལ་ཁབ་ལྔའི་ཙུང་ལིས་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་རུ་ཡོ་རོབ་དང་ཨེ་ཤེ་ཡའི་སྲིད་གཞུང་དབར་གྱི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་གྲོང་མིའི་ལུས་ཁམས་བདེ་སྲུང་དང་འཕྲོད་བསྟེན་རིམས་འགོག་སོགས་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་འཆར་གཞིར་ཆོག་མཆན་སྤྲད་དེ། འཕྲོད་བསྟེན་ཁོངས་གཏོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཏོག་གསར་རིམས་ནད་ཐུན་མོང་ཐོག་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ཡིན་ཞིང་། འདི་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྲིད་གཞུང་དབར་གྱི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེ་རུ་འཚོགས་པ།