《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

བོད་ཀྱི་གྲུ་ཟམ་དམག་གིས་འབྲུབ་འགོག་ཆུ་འགོག་གི་དངོས་འཐབ་ནང་སྦྱོང་བྱས་པ།

བོད་དུ་ཆར་ཞོད་ཚུགས་པ་དང་བསྟུན་ནས། ཐོན་སྲིད་པའི་ཆུ་ལོག་ལ་ཁ་གཏད་གཅོག་ཆེད། ཟླ་7ཚེས་12ཉིན། བོད་དམག་ཁུལ་ཁང་ལས་གྲྭ་རྫས་འགྱུར་གནོད་འགོག་ལུའེ་ཤོག་ཅིག་གི་གྲུ་ཟམ་ཡན་ལག་རུ་ཁག་གི་དཔོན་དམག་ཚོས་འབྲུབ་འགོག་ཆུ་འགོག་གི་དངོས་འཐབ་ནང་སྦྱོང་བྱས་ཏེ་དཔོན་དམག་གི་ཆུ་ལོག་འགོག་པའི་སྦྱོང་བརྡར་གྱི་གྲུབ་འབྲས་དང་ཚན་རིག་དང་མཐུན་པའི་སྐྱོབ་བཅོས་ཀྱི་འཇོན་ཐང་ལ་ཞིབ་དཔྱད་བྱས་ནས་འབྲུབ་འགོག་རོགས་སྐྱོབ་ཀྱི་ལས་འགན་སྒྲུབ་མ་ཐག་ནུས་པ་འདོན་ཐུབ་པ་དང་ཁ་གཏད་གཅོག་ཐུབ་པའི་འགན་ལེན་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་གང་ཐུབ་བྱེད་རྒྱུ་རེད།

↑འདི་ནི་གོང་ཚེས་ཉིན་དཔོན་དམག་གིས་རླངས་གྲུ་དང་གདོང་སྐྱོད་གྲུ་གཟིངས་སྤྱད་དེ་འཚོལ་སྐྱོབ་ནང་སྦྱོང་བྱེད་བཞིན་པ།

→ འདི་ནི་གོང་ཚེས་ཉིན་དཔོན་དམག་གིས་ཆུ་རགས་བརྟན་དུ་གཏོང་བཞིན་པ།