《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

མཚོ་སྔོན་གྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཡུལ་སྐོར་གསང་སྤྱོད་རིམ་སྤོར་འཛུཌ་སྐྲུན་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་དང་ཚྭ་ཁའི་ལམ་རྒྱུད་ཀྱི་ཡུལ་སྐོར་གསང་སྤྱོད་ཀྱི་ཆེད་དོན་དག་ཐེར་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་མ་ཟད་ལམ་རྒྱུད་ཀྱི་གསང་སྤྱོད་24ཡི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་། འཕྲོད་བསྟེན་དང་གཙང་སྦྲའི་གནས་ཚུལ། དག་ཐེར་འགན་འཁྲིའི་གསལ་ཐོ་དོན་འཁྱོལ། གཉེར་སྐྱོང་དོ་དམ་གྱི་འགན་འཁྲི་དབྱེ་འབྱེད་སོགས་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད།

ཟླ་བདུན་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་8བཙུགས་ཏེ་གྲོང་ཁྱེར་དང་ཀྲོའུ་ཁག་གི་མཛེས་ལྗོངས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། བདེ་འཇགས་ཐོན་སྐྱེད། ཡུལ་སྐོར་གསང་སྤྱོད“འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད”སོགས་ཀྱི་ཐད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་གསང་སྤྱོད་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་གྲལ་བཤེར་བྱས་ཏེ་ཆུས་དང་རྫོང་དང་། སྡེ་ཚན། མཛེས་ལྗོངས་ཁུལ་བཅས་དབྱེ་བར་གཞིགས་ནས་ཡིག་ཚགས་དང་གཱ་བཟོས་ཏེ་གྲལ་བཤེར་ཐུབ་པའི་གནད་དོན་ལ“གསང་སྤྱོད་རེར་ཐབས་ཇུས་རེ”ལག་བསྟར་བྱས་ཏེ་རྩིས་ཁྲའི་དོ་དམ་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་Aརིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་དུས་ཐེངས་གཉིས་ལ་བགོས་ནས་རེས་སྐོར་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་གི་ནང་དོན་ནི་འབྲེལ་ཡོད་དོ་དམ་ལམ་ལུགས་དང་། ཞབས་ཞུའི་ཚད་གཞི། ཁོར་ཡུག་སྲུང་སྐྱོང་། ཤེས་དཔལ་ཞབས་ཞུ་སོགས་ཡིན་པས་དོ་དམ་གྱི་ཞབས་ཞུའི་བྱང་ཚད་ལ་ཤུགས་སྣོན་བརྒྱབ་ནས་དོ་དམ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་ད་དུང་གསེར་ཆེན་དང་། ཁྲི་ཀ ཇུ་ལག མདོ་ལ་སོགས་རྫོང་8ལ་སྔོན་ལ་ཚོད་ལྟ་བྱས་ནས་ཚོད་ལྟའི་ཇུས་གཞི་བཟོས་ཏེ་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་། སྤྱི་ཕན་ལས་གནས་བཀོད་སྒྲིག ཚོང་ལས་ལ་བརྟེན་ནས་གསང་སྤྱོད་ཉམས་གསོ། ཁྲོམ་རའི་གཉེར་སྐྱོང་། རིག་ནུས་ལྟ་འདོམས། ལག་རྩལ་གསར་པ་བེད་སྤྱོད་སོཌ་བྱེད་སྟངས་སྣ་ཚོཌ་འཚོལ་ཞིབ་བྱས་ནས་ཞིང་ཆེན་ཡོངས་སུ་འདྲ་བཟོ་ཐུབ་ལ་ཁྱབ་གདལ་གཏོང་ཆོག་པའི་དོ་དམ་ཉམས་མྱོང་དང་བྱེད་སྟངས་ཆགས་པར་བྱས་ཏེ་ཡུལ་སྐོར་གསང་སྤྱོད་ཀྱི་དོ་དམ་གཉེར་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།