《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

ཐེ་ལན་གྱི་ཏོག་གསར་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ཅིག་ཟླ་བཅུ་པར་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟར་སྤྱོད་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཐེ་ལན་གྱི་ཀྲུ་ལ་ལུང་ཀུང་སློབ་ཆེན་གྱི་ཏོག་གསར་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ཞིབ་བཟོ་ཚོགས་པས། ཚོགས་པ་དེ་ཞུགས་པ་དང་གསར་སྤེལ་བྱས་པའི་ཏོག་གསར་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་སྤྲེའུ་ལ་སྤྱོད་པའི་ཚོད་ལྟ་ལེགས་གྲུབ་བྱུང་ཡོད། ཟླ་10པར་དུས་ཐེངས་དང་པོའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟར་སྤྱོད་རྒྱུ་དང་། གལ་སྲིད་དེ་ལེགས་འགྲུབ་བྱུང་ན་སང་ལོའི་དུས་ཚིགས་གསུམ་པའི་མཇུག་ཏུ་ཐོན་སྐྱེད་ཐུབ་པའི་རེ་བ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།