《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

ཕུའུ་ཅིང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་

ལྔའི་དབུ་ཚོགས་འཚོག་རྒྱུའི་བསྐྱར་བསྒྲགས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་7ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས། དེང་སྐབས་རྒྱལ་སྤྱིའི་ལས་དོན་ཁྲོད་ངེས་གཏན་མེད་པའི་རང་བཞིན་མང་པོ་གནས་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ལྔ་ཡི་དབུ་ཚོགས་འཚོག་དགོས་ལུགས་བཏོན་པ་རེད།

གོང་ཚེས་ཉིན། ཕུའུ་ཅིང་གིས་ཨུ་རུ་སུའི་བརྙན་འཕྲིན་ལེ་ཚན་ནང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ལྔ་ཡིས་ངེས་གཏན་མེད་པའི་རང་བཞིན་གྱི་རྒྱལ་སྤྱིའི་གནད་དོན་ལ་མུ་མཐུད་དོ་ཁུར་བྱེད་དགོས་པ་དང་དབུ་ཚོགས་འཚོག་རྒྱུ་ནི་ནུས་པ་ལྡན་པ་ཞིག་རེད་ཅེས་བརྗོད་པ་རེད།

ཟླ་1ཚེས་23ཉིན་ཕུའུ་ཅིང་གིས་ཅེ་རུས་ས་ལེམ་དུ་འཛམ་གླིང་གི་དམར་གསོད་ཆེ་མོའི་གླེང་སྟེགས་སྐབས་ལྔ་པར་ཞུགས་སྐབས་ཨུ་རུ་སུས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ལྔའི་དབུ་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན་ཡོད། ཟླ་6པར་ཕུའུ་ཅིང་གིས་སླར་ཡང་ལས་འགན་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ལྔ་ཡི་དབུ་ཚོགས་འཚོག་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ། མཉམ་དུ་ལག་གདང་སྦྲེལ་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་ཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བཅས་དང་དེ་བཞིན་འགྲན་སློང་དང་འཇིགས་སྐུལ་དྲག་པོ་གཞན་དག་ཐད་སྐད་ཆ་ཤོད་རེས་བྱ་རྒྱུའི་དགོས་པ་ཡོད་ཅེས་བརྗོད་པ་རེད།