《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

ཅང་སུའུ་རུའུ་ཀའོ་རུ། ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་སྟོད་ལས་ལྡོག་འཕར་བྱུང་བ།

ཅང་སུའུ་རུའུ་ཀའོ་གྲུ་ཁའི་སུའུ་ཀྲུང་རྒྱལ་སྤྱི་དོས་སྒམ་གྲུ་ཁར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། ཉེ་ཆར་རུའུ་ཀའོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་ཟླ་དང་པོ་ནས་ཟླ་དྲུག་པའི་བར་རུའུ་ཀའོ་འགག་སྒོས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི་685.4ལེགས་གྲུབ་བྱས་པ་དེ་དུས་མཚུངས་ལས་83.3%འཕར་བ་དང་། དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་དོས་སྒམ་213085ཟིན་པ་དེ་དུས་མཚུངས་ལས་21.6%འཕར་བའི་ནང་ཕྱི་ཕྱོགས་ཚོང་དོན་གྱི་ཚད་ལྡན་དོས་སྒམ་13889ཟིན་པ་དེ་དུས་མཚུངས་ལས་36.2%འཕར་ནས་རུའུ་ཀའོ་འགག་སྒོའི་ཕྱི་ཕྱོཌ་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་སྟོད་ལས་ལྡོག་འཕར་བྱུང་ཞིང་། འདི་ནི་ཅང་སུའུ་རུའུ་ཀའོ་གྲུ་ཁའི་སུའུ་ཀྲུང་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་ལས་སྒྲུབ་ཁུལ་གྱི་རྣམ་པ་ཡིན་པ།