《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月01日

རྒྱལ་ཁབ་ཉི་ཤུ་ཚོགས་པའི་སློབ་གསོ་པུའི་པུའུ་ཀྲང་གིས་བསྟན་དོན།

སློབ་གསོར་འཕྲད་པའི་རིམས་ནད་ཀྱི་འགལ་རྐྱེན་ཧུར་ཐག་སེལ་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་ཡ་ཏེ་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་སློབ་གསོ་པུའི་པུའུ་ཀྲང་གིས་བརྙན་ལམ་ཚོགས་འདུ་འཚོགས་ཏེ། སློབ་གསོ་དང་གསོ་སྦྱོང་ལ་འཕྲད་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགལ་རྐྱེན་ཧུར་ཐག་སེལ་རྒྱུའི་ཁས་ལེན་བྱས་པ་རེད།

ཉིན་དེའི་ཚོགས་འདུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་གཙོ་སྐྱོང་བྱས་ཤིང་། སོ་ཏི་ཨ་རབ་ཀྱི་སློབ་གསོའི་བློན་ཆེན་ཧ་མཱ་ཏེ·ཤེ་ཧོ་ཡིས་ཤིས་ཚིག་སྒྲོན་སྐབས། སློབ་གསོའི་འགོ་ཁྲིད་མི་སྣས་སྲིད་ཇུས་དང་། གྲུབ་ཆ། སྤྱི་ཚོགས། ནོར་སྲིད་བཅས་རྨང་གཞིར་བྱས་པའི་བྱེད་ཐབས་ནུས་ལྡན་མང་པོ་སྤྱད་དེ། སློབ་གསོར་བཟོས་པའི་རིམས་ནད་ཀྱི་འགལ་རྐྱེན་སེལ་གང་ཐུབ་ཅི་ཐུབ་བྱས་ཡོད། དེའི་ནང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་ཐག་གཅོད་ཇུས་གཞི་མང་པོ་ཞིག་བཏོན་ཡོད་ཅེས་བཤད་པ་རེད།

ཚོགས་འདུའི་ཐོག་སྤེལ་བའི་གསལ་བསྒྲགས་ནང་ཏོག་གསར་གློ་ཚད་རིམས་ནད་བཀག་སྡོམ་བྱ་ཆེད་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་ལས་སློབ་གསོ་དང་འཚོ་བའི་ཕྱོགས་མང་པོ་ཞིག་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། དེའི་ནང་བུད་མེད་དང་ལོ་ཆུང་ཚུད་པའི་ཉམས་ཞན་ཚོགས་སྤྱི་དང་དམིགས་བསལ་མི་འབོར་ལ་རིམས་ནད་ཀྱི་ཤུགས་རྐྱེན་དེ་བས་ཆེན་པོ་ཐེབས་ཡོད། དེས་ན་སློབ་གསོ་པུའི་པུའུ་ཀྲང་ཚོས་སློབ་གསོའི་ནང་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་དེ་བཞིན་ལག་རྩལ་དང་གྲངས་འཛིན་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཇུས་གཞི་སོགས་སློབ་གསོའི་རྒྱུན་མཐུད་རང་བཞིན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འཚོལ་ཞིབ་བྱ་དགོས་ཞེས་འཁོད་ཡོད་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དཔའ་མོས་ཞུས)