《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

སི་ཁྲོན་ཙི་དབྱང་དུ“འཆད་ཁྲིད་བཞི་དང་འདུམ་འགྲིག་བཞི”ཡི་གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་ཐབས་གསར་གཏོད་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2018ལོར་ཙི་དབྱང་གྲོང་ཁྱེར་སྤྱི་བདེ་སྡེ་ཚན་གྱིས་ཡིང་ཅེ་གྲོང་རྡལ་དུ“འཆད་ཁྲིད་བཞི་དང་འདུམ་འགྲིག་བཞི”ཡི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་ཐབས་ཐོག་མར་ཁྱབ་གདལ་བཏང་ཞིང་། གྲོང་རྡལ་དུ“ཁྱིམ་སྲོལ་དང་ཁྱིམ་ཚང་ཀུན་སྤྱོད་འཆད་ཁྲིད་ཁང”དང“གནས་ལུགས་རྩོད་པ་དང་གནས་ལུགས་གསལ་འགྲེལ་གྱི་འཆད་ཁྲིད་ཁང”“ཁ་ཆད་གྲོས་མོལ་དང་ཁ་ཆད་བཅར་འདྲིའི་འཆད་ཁྲིད་ཁང” “བཅའ་ཁྲིམས་འཆད་ཁྲིད་དང་བཅའ་ཁྲིམས་བརྩི་སྲུང་གི་འཆད་ཁྲིད་ཁང”བཅས་བཀོད་སྒྲིག་བྱས་པ་དང་། འགལ་ཟླ་དང་རྩོད་གཞི་མི་འདྲ་བར་གཞིགས་ནས་འཆད་ཁྲིད་མི་འདྲ་བ་གཉེར་ཏེ་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱས་པ་རེད།

འདུམ་འགྲིག་ཡག་པོ་མ་བྱུང་བའི་འགལ་ཟླ་དང་རྩོད་གཞིར་དམིགས་ནས“གནས་ལུགས་རྩོད་པ་དང་གནས་ལུགས་གསལ་འགྲེལ་གྱི་འཆད་ཁྲིད་ཁང”དུ་དཔང་རྟགས་བཏོན་པ་དང་གནས་ལུགས་བརྗོད་པ་དང་ཆབས་ཅིག གྲོང་རྡལ་ཏང་སྲིད་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱིས་དུས་བཀག་ལྟར“ཁ་ཆད་གྲོས་མོལ་གྱི་འཆད་ཁྲིད་ཁང”དུ་བསམ་འཆར་མང་བའི་མང་ཚོགས་དང་འབྲེལ་མཐུད་སྤེལ་རེས་བྱས་ནས་གནད་དོན་ཐག་གཅོད་བྱས་ཡོད། གོང་གི་ལྷུ་ཚིགས་གསུམ་པོ་བརྒྱུད་ཐག་གཅོད་ཐུབ་མེད་པའི་འགལ་ཟླ་དང་རྩོད་གཞིའི་དོ་བདག་ལ་བཅའ་ཁྲིམས་ཀྱི་དོན་ཚན་སྒྲོག་འགྲེལ་བྱས་ནས་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཁྲིམས་ལྟར་ཞུ་གཏུག་རྒྱག་རྒྱུར་ཁྲིད་སྟོན་བྱས་པ་རེད།

2019ལོར་གཡན་ཅང་ཆུས་སུ་གྲོང་གསེབ་ཀྱི་རྩོད་གཞི་12.3%ཆག་པ་དང་། ཉེས་དོན་གྱོད་གཞིའི་གྲངས་འབོར་ཡང་37.65%ཆག་ཡོད། ད་ཆ“འཆད་ཁྲིད་བཞི་དང་འདུམ་འགྲིག་བཞི”ཡི་བྱེད་ཐབས་དེ་ཙི་དབྱང་དུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་མ་ཟད། སི་ཁྲོན་ཞིང་ཆེན་ཁྲིམས་རིག་པའི་ལྷན་ཚོགས་ཀྱི་རིམ་སྤེལ་གསོ་སྦྱོང་ནང་ཁྱབ་གདལ་བཏང་བ་རེད།