《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月27日

ཧྲན་ཤིས་ཏ་ཐུང་ནས་རྡོ་སྣག་གི་གཏེར་ཁུལ་ཆེ་གྲས་ཤིག་རྙེད་པ།

ཤིན་ཧྭ་གསར་འགྱུར་ཁང་ཐའེ་ཡོན་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཧྲན་ཤིས་ཞིང་ཆེན་ས་གཤིས་རྩད་ཞིབ་ཅུས་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་ཞིང་ཆེན་དེས་ཏ་ཐུང་གྲོང་ཁྱེར་ཤིན་རུང་ཆུས་ནས་རྡོ་སྣག་གི་གཏེར་ཁུལ་ཆེ་གྲས་ཤིག་རྙེད་པ་དང་རྩད་ཞིབ་བྱས་པ་བརྒྱུད། ཆུས་དེའི་ནང་རྡོ་སྣག་གཏེར་ཁའི་ཐོན་ཁུངས་ཀྱི་སྤྱིའི་གསོག་འབོར་ཏུན་དུང་ཕྱུར་1ཙམ་ཟིན་གྱི་ཡོད་པ་ཤེས་རྟོགས་ཐུབ་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། ཏ་ཐུང་གྲོང་ཁྱེར་ཤིན་རུང་ཆུས་ཀྱི་རྡོ་སྣག་གཏེར་ཁུལ་དེ་ཤིན་རུང་ཆུས་ཤར་ལྷོའི་རྒྱུད་ཀྱི་130°སར་དང་དྲང་ཐིག་བར་ཐག་སྨི་8000ཡོད་པའི་པའེ་ཧྲན་གྲོང་ཚོ་དང་ཧུང་ཚེ་པའོ་དབར་ཆགས་ཡོད་པ་རེད། རྡོ་སྣག་གཏེར་ཁུལ་དེ་ལྷོ་ནུབ་ནས་བྱང་ཤར་རྒྱུད་དུ་ཁྱབ་པ་དང་རིང་ཚད་ལ་སྨི་23000དང་ཞེང་ཚད་ལ་སྨི་50ནས་800བར་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རྩད་ཞིབ་ལས་དོན་སྤེལ་རིང་སྔོན་རྩིས་བྱས་པར་གཞིགས་ན་ཡོན་ཅིང་རྡོ་སྣག་གཏེར་ཁུལ་གྱི་ཐོན་ཁུངས་ཏུན་ཁྲི་3000ལྷག་ཙམ་གོང་འབུལ་བྱ་རྒྱུ་ཡིན་པ་དང་ཡོན་ཅིང་རྡོ་སྣག་གཏེར་ཁའི་ཐོན་ཁུངས་ཀྱི་སྤྱིའི་གསོག་ཚད་ཏུན་ཁྲི་7000ལྷག་ཙམ་ཡོད། རྩད་ཞིབ་ཁུལ་ནང་གི་རྡོ་སྣག་གཏེར་ཁའི་ཐོན་ཁུངས་ཀྱི་བསྡོམས་འབོར་ཏུན་དུང་ཕྱུར་1ཙམ་ཟིན་པ་དེ་གཞི་ཁྱོན་ཤིན་ཏུ་ཆེ་བའི་རྡོ་སྣག་གཏེར་ཁུལ་གྱི་གྲས་ཤིག་རེད།